རྒྱ་དམར་གྱིས་༸གོང་ས་མཆོག་ལ་ཁ་གཏད་གཅོག་དགོས་ལུགས།

རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་ཏྭ་ལའི་བླ་མ་དང་ཏྭ་ལའི་ཤོག་ཁག་ལ་ཁ་གཏད་གཅོག་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུའི་གཏམ་བཤད།

2011.02.25

༄༅༎རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་ཏྭ་ལའི་བླ་མ་དང་ཏྭ་ལའི་ཤོག་ཁག་ལ་ཁ་གཏད་གཅོག་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པའི་གཏམ་བཤད་བྱས་ཡོད་པ་རེད་ཤེང་ལྦ་གསར་འགྱུར་ལས་ཁང་གིས་ཕྱི་ཚེས་༢༤་ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན་ རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཅ་ཆིང་ལིན་དང་ སྤྱི་བདེ་བློན་ཆེན་མངས་ཅང་ཀྲུའུ་ འཐབ་ཕྱོགས་གཅིག་འགྱུར་ཟེར་བའི་འགོ་ཁྲིད་་ཏུའུ་ཆིང་ལོན་གི་གཙོས་རྒྱ་ནག་གཞུང་གི་ཆེས་མཐོའི་དཔོན་རིགས་ཁག་ཅིག་བོད་ནང་བོད་ཀྱི་གནད་དོན་དང་འབྲེལ་བའི་ཉིན་གཉིས་ཀྱི་ཚོགས་འདུར་སླེབས་ཡོད་པ་དང་ ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཅ་ཆིང་ལིན་གྱིས་ཏྭ་ལའི་ཤོག་ཁག་ལ་ཁ་གཏད་གདོང་ལེན་བྱ་རྒྱུ་སྔར་ལྷག་ཤུགས་ཆེ་རུ་གཏོང་དགོས་ཀྱི་ཡོད་པའི་སྐོར་གཏམ་བཤད་བྱས་པའི་གནས་ཚུལ་སྤེལ་ཡོད་པ་རེད་

དེ་ཡང་གནས་ཚུལ་བཀོད་དོན་ལྟར་ན་ ཅ་ཆིང་ལིན་གྱིས་འབྱུང་འགྱུར་ལོ་ལྔའི་རིང་བོད་ཀྱི་ཞིང་འབྲོག་ས་ཁུལ་ལ་འཛུགས་བསྐྲུན་གྱི་ལས་གཞི་སྤེལ་ཏེ་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་ཡིན་པའི་གཏམ་བཤད་བྱས་ཡོད་འདུག་

ཁ་ས་རེས་གཟའ་ལྷག་པའི་ཉིན་ལྷན་ཚོགས་གནང་བའི་ཉིན་གཉིས་ཀྱི་ཚོགས་འདུ་འདིར་གོང་ཞུས་རྒྱ་ནག་དབུས་གཞུང་གི་ཆེས་མཐོའི་དཔོན་རིགས་ཁག་ཅིག་དང་ གཞན་ཡང་བོད་ཀྱི་མངའ་ཁུལ་ཁག་གི་རྒྱ་གཞུང་དཔོན་རིགས་རྣམས་ལྷན་ཚོགས་བྱས་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎