སྐུ་ཞབས་མར་ཀོ་ རུ་སྦིའོ་མཆོག་གིས་བཀྲིས་དབང་ཕྱུག་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་བ།


2018.08.25
སྐུ་ཞབས་མར་ཀོ་ རུ་སྦིའོ་མཆོག་གིས་བཀྲིས་དབང་ཕྱུག་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་བ། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ མར་ཀོ་ རུ་སྦིའོ་མཆོག་གིས་བཀྲ་ཤིས་དབང་ཕྱུག་ལགས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག
སྐུ་ཞབས་མར་ཀོ་ རུ་སྦིའོ་མཆོག་གི་ཊུའི་ཊར།

༄༅། །ཟླ ༨ པའི་ཚེས ༢༤ ཉིན། ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ མར་ཀོ་ རུ་སྦིའོ(Marco Rubio) མཆོག་གིས་སྤྱི་ཚོགས་བརྒྱུད་ལམ་ཊུའི་ཊར་བརྒྱུད་བཀྲ་ཤིས་དབང་ཕྱུག་ལགས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་ཞེས་འབོད་སྐུལ་གནང་ཡོད་པ་དང་། ཁོང་གིས་ཊུའི་ཊར་འཕྲིན་ཐུང་ནང་། གཟའ་འཁོར་སྔོན་མར་རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་གནང་མཁན་བཀྲ་ཤིས་དབང་ཕྱུག་གི་གོང་གཏུག་རེ་འདུན་ལ་བདག་སྤྲོད་མ་བྱས་པར་ཕྱིར་སློག་ཡོད་པས། དེ་ནི་དྲང་བདེན་རྡོག་རོལ་བཏང་བ་འབའ་ཞིག་ལས་མ་འདས་ན། རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་ཞེས་འབོད་སྐུལ་གནང་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གིས་ཟླ ༨ པའི་ཚེས ༡༣ ཉིན་ཁམས་སྐྱེ་རྒུ་མདོའི་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་མཁན་བཀྲ་ཤིས་དབང་ཕྱུག་གིས་ཁྲིམས་གཅོད་སྐབས་དང་པོའི་བཅད་ཁྲ་ངོས་ལེན་མ་བྱས་པར་གོང་རིམ་ཁྲིམས་ཁང་ལ་གཏུག་བཤེར་བྱས་པའི་རེ་འདུན་བདག་སྤྲོད་མ་བྱས་པར་ཕྱིར་སློག་པ་རེད།
ད་ལོའི་སྤྱི་ཟླ ༥ བའི་ནང་ཡི་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་ཁྲིམས་ཁང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པའི་ཉེན་མིང་བཙུགས་ནས་ལོ་ལྔ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། རྒྱ་ནག་གི་འབྲེལ་ཡོད་ཚན་པས་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཨི་རིའི༼ནིའུ་ཡོག་དུས་བབ༽ཀྱི་བཅར་འདྲི་དང་ལེན་བྱས་པ་དེ་ཉེས་པའི་བདེན་དཔང་དུ་བསྒྲུབས་ནས་བྱ་སྤྱོད་དེ་ནི་རྒྱ་ནག་ལ་བརྙས་བཅས་བྱས་པར་ངོས་འཛིན་བྱས་འདུག
བཀྲ་ཤིས་དབང་ཕྱུག་གི་གྱོད་དོན་ལ་རྒྱལ་སྤྱིའི་མི་ཐོབ་སྒྲིག་འཛུགས་དང་། བོད་དོན་ཚོགས་པ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི། ཡོ་རོབ་སོགས་རྒྱལ་ཁབ་གྱི་དོ་སྣང་ཆེན་པོ་བྱས་ཡོད་པ་རེད།།
གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎