རི་ཆདྲ་གིཡར་ཡིས་གསུམ་བཅུའི་དུས་དྲན་ལ་མཉམ་ཞུགས།
2012.03.12
༄༅༎ཨ་མི་རི་ཀའི་གློག་བརྙན་འཕྲུལ་ལས་ནང་སྙན་གྲགས་ལྡན་ཞིང་ བོད་དོན་ཐོག་ལ་འགྱུར་བ་མེད་པར་རྒྱབ་སྐྱོར་རྒྱུན་སྲིང་གནང་མཁན་རི་ཆདྲ་གིཡར་གྱིས་གཟའ་སྤེན་པའི་ཉིན་ནིའུ་ཡོག་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་མི་ཚོས་བོད་ཀྱི་རྩ་དོན་སླད་དུ་རང་གི་ལུས་སྲོག་མེར་བསྲེགས་གཏོང་བའི་ཐབས་ཇུས་དེ་ནི་ རྒྱ་ནག་གཞུང་གི་དྲག་གནོན་འོག་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འོག་ དོ་བདག་སོ་སོའི་ལུས་པོའི་ཐོག་ཏུ་མ་གཏོགས་མི་གཞན་ལ་འཚེ་བ་བྱེད་རྒྱུའི་ཀུན་སློང་མེད་པའི་རྣམ་འགྱུར་སྟོན་པ་མཚོན་གྱི་ཡོག་རེད་ཅེས་གསུང་འདུག རི་ཆདྲ་གིཡར་གྱིས་ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ་དུས་ཡུན་ངེས་མེད་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་བཞིན་པའི་བོད་མི་གསུམ་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་ཆེད་མངགས་ཕེབས་ཏེ་ ཟས་བཅད་ངོ་རྒོལ་ནང་ཞུགས་མཁན་གསུམ་ནི་ དཔའ་མཛངས་ལྡན་པའི་བོད་མི་རེད་ཅེས་བསྔགས་བརྗོད་ཡང་གནང་འདུག མཉམ་འབྲེལ་རྒྱལ་ཚོགས་འདི་བཞིན་ འགྲོ་བ་མིའི་ཐོབ་ཐང་རྩོད་གླེང་བྱ་སའི་སྒྲིག་འཛུགས་ཤིག་ཡིན་ཙང་ ང་ཚོས་གྲོས་ཚོགས་འདིའི་མདུན་དུ་ལངས་ཏེ་ བོད་དོན་ཐོག་ལ་རྒྱབ་སྐྱོར་དགོས་པའི་འབོད་སྒྲ་སྒྲོགས་དགོས་ཀྱི་རེད་ ངས་འཛམ་གླིང་གི་མི་རྣམས་ལ་བོད་མི་ཚོའི་སྡུག་བསྔལ་གྱི་ཟུག་རྔུ་དང་རང་དབང་གི་མངོན་འདོད་དང་ ནང་ཆོས་ལ་གཞི་བཅོལ་བའི་བོད་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་བྱ་རྒྱུར་མཉམ་རུབ་གནང་རོགས་གནང་ཞེས་སེམས་སྐུལ་གཏོང་གི་ཡོད་ཞེས་ཀྱང་སྐབས་དེར་གསུང་འདུག།