རང་ལུས་མེ་བསྲེགས་ལས་འགུལ་ཐད་བསམ་ཚུལ་འདྲ་མིན།

བོད་ནང་བོད་མིས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ཐད་ཉེ་བའི་དམིགས་བསལ་ཚོགས་ཆེན་དང་དམངས་ཚོགས་ཁྲོད་བསམ་ཚུལ་སྣ་ཚོགས་ཡོད་པ་རེད་འདུག

2012.10.01

ད་ལྟའི་བོད་ནང་མེ་བསྲེགས་ལས་འགུལ་སོགས་ཛ་དྲག་གནས་སྟངས་ཐད་བོད་མིའི་ སྒྲིག་འཛུགས་ཀྱི་གཞུང་དང་། མི་མང་གཉིས་ནས་གདོང་ལེན་གནང་ཕྱོགས་སྐོར་གོ་བསྡུར་གནང་ཕྱིར་བཙན་བྱོལ་བོད་ མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་དགོངས་དོན་གཞིར་བཟུང་དམིགས་བསལ་ཚོགས་ཆེན་ཐེངས་ ༢ པ་བཞུགས་སྒར་རྡ་རམ་ས་ལར་ཉི་མ་བཞིའི་རིང་སྐོང་འཚོགས་གནང་བའི་ཐད་ལ་ཚོགས་ཆེན་ དེར་མཉམ་ཞུགས་གནང་མཁན་ཁག་ཅིག་ལ་རྒྱ་གར་གྱི་ཉིན་རེའི་གསར་ཤོག་རྒྱ་གར་གྱི་ དུས་བབ་ཅེས་པའི་གསར་ཤོག་གིས་བཀའ་འདྲི་ཞུས་པར་བསམ་ཚུལ་སྣ་ཚོགས་ཤིག་གསུང་མཁན་ བྱུང་ཡོད་པ་རེད། འབྲུག་ཡུལ་ནང་བཞུགས་མཁན་བཀྲ་ཤིས་རྡོ་རྗེ་ལགས་ཀྱིས་དྲང་བདེན་ཅན་གྱི་བོད་ཀྱི་ རྩ་དོན་སླད་དུ་རང་སྲོག་བློས་གཏོང་གནང་མཁན་དེ་ཚོ་བོད་མི་རེད་ལ། ང་ཚོས་ཀྱང་ད་ཕན་མི་ལོ་བཅུ་ཕྲག་མང་པོའི་རིང་ལས་འགུལ་བརྩམས་ཡོད་། རང་ལུས་མེར་བསྲེག་གཏོང་མཁན་ཚོར་ང་ཚོས་རྒྱབ་སྐྱོར་བྱེད་རྒྱུའི་དུས་ལ་སླེབས་ ཡོད་རེད་། ཡིན་ནའང་བཙན་བྱོལ་གཞུང་གིས་ཞལ་གསང་དོད་པོའི་ངང་རྒྱབ་སྐྱོར་མ་གནང་བའི་རྒྱུ་ མཚན་ག་རེ་ཡིན་མིན་ངས་ཧ་གོ་གི་མི་འདུག ཡིན་ནའང་ངའི་ངོས་ནས་བོད་ཀྱི་རྩ་དོན་སླད་དུ་རང་གི་ལུས་ངག་ཡིད་གསུམ་བློས་ གཏོང་གནང་མཁན་བོད་ནང་གི་བོད་མི་ཚོ་དཔའ་བོར་ངོས་འཛིན་ཞུ་གྱིན་ཡོད། ང་ཚོས་ཁོང་ཚོའི་ལས་འགུལ་དེར་རྒྱབ་སྐྱོར་བྱེད་རྒྱུའི་རྒྱུ་མཚན་ནི་ཁོང་ཚོས་ གཞན་ལ་འཚེ་བ་མ་བྱས་པར་སོ་སོའི་མངོན་འདོད་གཞན་གྱིས་གོ་ཐུབ་པ་བྱེད་ཀྱི་ཡོད་ རེད་ཅེས་དང་།   བོད་ཀྱི་རྩ་དོན་ཐད་དོན་གཉེར་ཅན་བསྟན་འཛིན་བརྩོན་འགྲུས་ལགས་དང་དབྱིན་ཡུལ་ གྱི་རྒྱལ་ས་ལོན་ཌོན་ནང་བཞུགས་མཁན་སྤེན་པ་བློ་བཟང་ལགས་ཀྱིས། བོད་ནང་གི་བོད་མི་ཚོས་བོད་དོན་ཆེད་དུ་སོ་སོའི་ལུས་པོ་མེར་བསྲེགས་བཏང་དང་ གཏོང་བཞིན་པའི་ཐད་ལ་རྒྱབ་སྐྱོར་བྱེད་དང་།་ཡང་ན་་དགག་པ་རྒྱག་རྒྱུའི་སྐོར་མ་ རེད་ ང་ཚོ་བོད་ནས་རྒྱང་ཐག་རིང་པོར་བསྡད་དེ་ བོད་ནང་གི་དངོས་ཡོད་གནས་སྟངས་ཐོག་ལ་ཤུགས་རྐྱེན་གཏོང་ཐུབ་ཀྱི་ཡོད་པ་མ་རེད་། དངོས་གནས་བྱས་ན་བོད་ནང་གི་བོད་མི་ཚོས་རྒྱུ་རྐྱེན་ག་པར་ཐུག་སྟེ་སོ་སོའི་ལུས་ པོ་མེར་བསྲེགས་གཏོང་དགོས་པའི་དངོས་ཡོད་བདེན་པའི་གནས་སྟངས་བལྟ་ཞིབ་བྱེད་ ཕྱིར་ རྒྱལ་སྤྱིའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་ནང་ཕེབས་དགོས་པ་དེ་རེད་ཅེས་དགོངས་ ཚུལ་གསུང་གནང་བ་འདུག

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎