ར་ཤེ་ཡར་སྤྱི་ཚོགས་དང་། སེམས་མྱོང་། སྤྱོད་བཟང་གི་བསླབ་གཞིའི་ཐོག་བགྲོ་གླེང་།


2019.06.06
ར་ཤེ་ཡར་སྤྱི་ཚོགས་དང་། སེམས་མྱོང་། སྤྱོད་བཟང་གི་བསླབ་གཞིའི་ཐོག་བགྲོ་གླེང་སྐབས། ༢༠༡༩།༦།༥ ར་ཤེ་ཡར་སྤྱི་ཚོགས་དང་། སེམས་མྱོང་། སྤྱོད་བཟང་གི་བསླབ་གཞིའི་ཐོག་བགྲོ་གླེང་སྐབས། ༢༠༡༩།༦།༥
tibet.net

ར་ཤེ་ཡའི་རྒྱལ་སར་༧གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་སྤྱི་ཚོགས་དང་། སེམས་མྱོང་། སྤྱོད་བཟང་གི་བསླབ་གཞི་དང་འབྲེལ་བགྲོ་གླེང་གནང་འདུག
ཕྱི་ཚེས་༥ཉིན། ར་ཤེ་ཡའི་རྒྱལ་ས་མོ་སི་ཁོ་རུ་བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་བཞེད་གཞིར་བཟུང་སྤྱི་ཚོགས་དང་། སེམས་མྱོང་། སྤྱོད་བཟང་ངམ་ཆོས་ལུགས་ལ་མ་བརྟེན་པའི་སྤྱོད་བཟང་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་གནང་འདུག
ཟླ་འདིའི་ཕྱི་ཚེས་༥ཉིན། ར་ཤེ་ཡའི་རྒྱལ་ས་མོ་སི་ཁོ་རུ་རྟེན་གཞི་བྱས་པའི་ར་ཤེ་ཡའི་ཚན་རིག་གཙུག་ལག་སློབ་གཉེར་ཁང་དུ། སྤྱི་ཚོགས་དང་། སེམས་མྱོང་། སྤྱོད་བཟང་ངམ་ཆོས་ལུགས་ལ་མ་བརྟེན་པའི་སྤྱོད་བཟང་གི་ཉམས་མྱོང་གསར་བ་དང་། སྣང་ཚུལ་བཅས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་འདུག
ཉེ་སྔོན་ཕྱི་ཟླ་བཞི་བའི་ནང་ཏཱ་ལའི་བླ་མའི་དགེ་རྩ་དང་། ཨེ་མོ་རི་མཐོ་སློབ། ཝ་ན་ཐེབས་རྩ། (Vana Foundation)བཅས་ཐུན་མོང་གིས་གོ་སྒྲིག་གནང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་་༧གོང་ས་མཆོག་གི་དགོངས་བཞེད་གཞིར་བཞག་པའི་འཛམ་གླིང་རང་བཞིན་གྱི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཤེས་ཡོན་སློབ་གསོའམ། (SEE Learning)ཞེས་པའི་སྤྱི་ཚོགས་དང་། སེམས་ཚོར། བཟང་སྤྱོད་བཅས་ཀྱི་ཤེས་ཡོན་སློབ་གསོའི་བསླབ་གཞི་རྩ་འཛིན་གཏན་འབེབས་ཀྱི་དབུ་འབྱེད་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎