རྒྱ་གར་ནང་གི་བོད་མི་ཚོར་ཐོབ་ཐང་དང་ལས་འགན།

རྒྱ་གར་ནང་བོད་མི་ཚོར་ཐོབ་ཐང་དང་ལས་འགན་སོགས་ཀྱི་གནད་དོན་དང་འབྲེལ་བའི་སྐོར་འབྲེལ་ཡོད་ཚོས་གོ་རྟོག་སྤེལ་བའི་ལས་རིམ་གོ་སྒྲིག།

2011.07.04

༄༅༎བཙན་བྱོལ་ནང་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བུད་མེད་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ། དགུ་བཅུ་གསུམ་ཆབ་སྲིད་བཙོན་ཟུར་ཚོགས་པ་དང་། རྒྱ་གར་ནང་ཁྲིམས་ཀྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱེད་ཕྱོགས་ཐོག་གོ་རྟོག་སྤེལ་མཁན་གྱི་ཚོགས་པ་བཅས་ཐུན་མོང་ནས་གོ་སྒྲིག་བྱེད་པའི་འོག་ཉིན་གཉིས་རིང་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་གཞིས་ཆགས་ཁག་གི་གཞིས་འགོ་དང་འབྲེལ་ཡོད་མི་སྣ་དྲུག་བཅུ་ཙམ་ལརྒྱ་གར་ནང་བོད་མི་ཚོར་ཐོབ་ཐང་དང་ལས་འགན། ཁྲིམས་ལ་སྲུང་བརྩི་ཞུ་ཕྱོགས་སོགས་ཀྱི་གནད་དོན་དང་འབྲེལ་བའི་སྐོརཚོགས་ཆུང་ཆ་བགོས་ཀྱི་བགྲོ་བསྡུར་སྦྱང་བཤད་དང་། དེ་བཞིན་འབྲེལ་ཡོད་ཚོས་གོ་རྟོག་སྤེལ་བའི་ལས་རིམ་མང་པོ་ཞིག་གོ་སྒྲིགས་ཞུས་ཡོད་འདུག

དེ་ཡང་རྡ་རམ་ས་ལར་བཞུགས་མཁན་ཁྲིམས་རྩོད་པ་ཇ་ཏིན་ ར་ནས། ཁྲིམས་ཀྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་ཀྱི་ཚོགས་པ་དེའི་ངོ་སྤྲོད་དང་། དེ་ནས་སྐུ་ཞབས་ཨ་ནནཏ་ ཨཤ་ཐ་ནས། རྒྱ་གར་གཞུང་གི་རྩ་ཁྲིམས་དང་། དེའི་ཐོག་ནས་བོད་མི་ཚོར་འབྲེལ་བ་ཆགས་ཀྱི་གནད་དོན་སྐོར། དེ་བཞིན་རྡ་རམ་ས་ལའི་ནང་གི་ཁྲིམས་རྩོད་པ་ཝི་ན་ཡག་ན་ར་ཡན་ནས། རྒྱ་གར་ནང་གནས་སྡོད་ཆོག་པའི་དེབ་སྐྱེལ་ལག་འཁྱེར་ ཨར་སི་ཞེས་པ་དང་། ཕྱི་བསྐྱོད་ལག་འཁྱེར་ཨ་ཡེ་སི་ཞེས་པ་སོགས་བཟོ་དགོས་རྒྱུའི་གནད་འགག་ཇི་ཆགས་སོགས་ཀྱི་སྐོར་ཟབ་སྦྱོང་དང་གསལ་བཤད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎