བོད་ཀྱི་དར་རྩེ་མདོའི་ནང་གནམ་ཐང་ཞིག་སྒོ་འབྱེད་བྱས་སྐོར།

རྒྱ་ནག་གཞུང་གིས་ཟླ་བ་འདིའི་ནང་བོད་ཀྱི་ས་ཁུལ་དར་རྩེ་མདོའི་ནང་གནམ་ཐང་ཞིག་སྒོ་འབྱེད་བྱེད་ཀྱི་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་རེད་

2008.10.20

༄༅༎རྒྱ་ནག་གཞུང་གིས་ཟླ་བ་འདིའི་ནང་བོད་ཀྱི་ས་ཁུལ་དར་རྩེ་མདོའི་ནང་གནམ་ཐང་ཞིག་སྒོ་འབྱེད་བྱེད་ཀྱི་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་རེད་ གནམ་ཐང་དེ་ནི་འཛམ་གླིང་ཐོག་གི་ཆེས་མཐོ་བའི་གནམ་ཐང་ཨང་གཉིས་པ་ཡིན་སྐོར་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་དང་གནམ་ཐང་དེ་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཟེར་བའི་ཁོངས་གཏོགས་རྒྱ་སྐད་ནང་ཁང་ཏུན་ཞེས་པའི་བོད་ཀྱི་དར་རྩེ་མདོའི་ས་ཁུལ་ནང་སྒོ་འབྱེད་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གཞུང་གི་གསལ་བསྒྲགས་ཀྱི་ནང་དོན་ལ་གཞིགས་ཚེ་ཟླ་བ་འདིའི་ཟླ་མཇུག་ཙམ་ནས་རྒྱ་ནག་གི་ཤར་ཕྱོགས་མཁའ་འགྲུལ་གནམ་གྲུ་དར་རྩེ་མདོའི་ནང་འཕུར་འགོ་ཚུགས་རྒྱུ་དང་འགྲོ་ལམ་དེ་ཡང་ཡུ་ནན་ཞིང་ཆེན་གྱི་རྒྱལ་ས་ཁུང་མིན་ནས་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲིན་ཏུའུ་བརྒྱུད་དར་རྩེ་མདོའི་ས་ཁུལ་ནང་འཕུར་བསྐྱོད་བྱ་རྒྱུ་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད་ གནས་ཚུལ་ཐོན་ཁུངས་ལ་གཞིགས་ན་རྒྱ་ནག་གཞུང་གིས་གནམ་ཐང་འདི་འདི་ལོའི་ཕྱི་ཟླ་ལྔ་པའི་ནང་སྒོ་འབྱེད་བྱེད་འཆར་བྱས་ཀྱང་སྒོ་འབྱེད་ཐུབ་མེད་སྐོར་གསུངས་པ་ལས་རྒྱུ་མཚན་ཇི་ཆགས་གསལ་བཤད་གང་ཡང་བྱས་མེད་པ་དང་དེ་ནི་གཙོ་བོ་བོད་ཀྱི་ས་ཁུལ་ཡོངས་ལ་སྐབས་དེར་བོད་མིའི་རང་དབང་སྒེར་ལངས་ཀྱི་ཞི་བའི་ལས་འགུལ་བྱུང་བའི་ཤུགས་རྐྱེན་གྱིས་སྒོ་འབྱེད་མ་ཐུབ་པ་ཞིག་ཡིན་པ་ཤེས་རྟོགས་ཐུབ་ཀྱི་ཡོད་པ་རེད་ རྒྱ་ནག་གཞུང་གིས་གནམ་ཐང་དེ་སྒོ་འབྱེད་བརྒྱུད་ཕྱི་ཕྱོགས་ནས་མ་རྩ་འཛུགས་འཇོག་དང་ཡུལ་བསྐོར་སྤྲོ་འཆམ་པ་ཡོང་མི་བརྒྱུད་དཔལ་འབྱོར་གྱི་ཁེ་ཕན་ཡོང་རྒྱུའི་རེ་བ་རྒྱབ་ཀྱི་ཡོད་པ་དང་རྒྱ་ནག་གཞུང་གིས་གནམ་ཐང་དེར་ལོ་རེར་འགྲུལ་པ་མི་གྲངས་གསུམ་འབུམ་གསུམ་ཁྲི་ཙམ་ཡོང་རྒྱུའི་ཚོད་དཔགས་བྱེད་ཀྱི་ཡོད་སྐོར་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎