བོད་ནང་བོད་མིར་གདུང་སེམས་མཉམ་བསྐྱེད་ཆེད་ལས་འགུལ།

བཙན་བྱོལ་ནང་ཡོད་པའི་སློབ་ཕྲུག་ཚོས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མགོ་རིལ་བཟོས་ནས་ཟས་བཅད་ཀྱི་ལས་འགུལ།

2012.05.31

༄༅༎བཙན་བྱོལ་ནང་ཡོད་པའི་སློབ་ཕྲུག་ཚོས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མགོ་རིལ་བཟོས་ནས་ཟས་བཅད་ཀྱི་ལས་འགུལ་སྤེལ་ཡོད་འདུག

ཕ་ཡུལ་དྲ་གནས་ནང་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན། བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཡོད་པའི་སུ་ཇ་བོད་ཁྱིམ་སློབ་གྲཱའི་སློབ་ཕྲུག་ཁག་ཅིག་ནས་བོད་ནང་བོད་མི་མང་པོས་རང་སྲོག་བློས་བཏང་གི་གནས་ཚུལ་ཡོང་བཞིན་པར་མྱ་ངན་དང་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དེ་རིང་གཙུག་ལག་ཁང་མདུན་མགོ་བོའི་སྐྲ་བཞར་ནས་ཆུ་ཚོད་བཅུ་གཉིས་རིང་ཟས་བཅད་བསྡད་པ་དང་། དེ་ནས་བོད་ཀྱི་གནད་དོན་དང་འབྲེལ་བའི་པར་རིས་ཀྱི་འགྲེམས་སྟོན་ཞིག་ཀྱང་གོ་བསྒྲིགས་ཞུས་ཡོད་འདུག ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་མཁན་སློབ་ཕྲུག་དཀོན་མཆོག་རིན་ཆེན་གྱིས། མགོ་བོའི་སྐྲ་བཞར་ནས་ཟས་བཅད་སྡོད་རྒྱུ་དེ་ནི་ང་ཚོས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུའི་ཆེད་ཡིན་ཞེས་དང་། དེ་བཞིན་ལས་འགུལ་གོ་སྒྲིག་ཞུ་མཁན་ཞིག་གིས། པར་རིས་ཀྱི་འགྲེམས་སྟོན་ནང་མཉམ་ཞུགས་བྱེད་མཁན་ཚང་མ་བོད་ནས་ཕྱིས་སུ་འབྱོར་བའི་གཞོན་སྐྱེས་ཤ་སྟག་ཡིན་ཙང་ཁོང་ཚོའི་སེམས་ནང་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་སྡུག་སྦྱོང་དང་དྲག་གནོན་ག་འདྲ་བྱེད་ཀྱི་ཡོད་མེད་ཚོར་སྣང་ཤུགས་ཆེན་པོ་ཡོད་་ལ་སྐབས་རེ་སེམས་ནང་གི་ཚོར་སྣང་འགྲེལ་བཤད་རྒྱབ་ཐུབ་ཀྱི་མེད་པའི་རིགས་རི་མོའི་ལམ་ནས་དངོས་བྱུང་ཚོར་སྣང་ངོ་སྤྲོད་བྱེད་ཐུབ་སླ་བ་ཡོད་པའི་སྐོར་ཡང་གསལ་བཤད་གནང་འདུག

ད་རེས་ལས་འགུལ་འདི་བཞིན་སློབ་ཕྲུག་ཚོའི་དབྱར་ཁའི་གུང་སེང་དང་སྟབས་བསྟུན་ནས་ཕྲུ་གུ་ཚོ་དང་བླང་གིས་འགོ་བརྩམས་པ་ཞིག་ཡིན་པ་ལས་གཞན་གྱི་སྐུལ་སློང་བྱེད་པ་ཞིག་མིན་པའི་སྐོར་ཡང་གསལ་བཤད་གནང་འདུག མུ་མཐུད་ནས་རེས་གཟའ་ཉི་མ་ཉིན་ས་ཟླའི་ཚེས་བཅོ་ལྔའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་ནས་མཆོད་འབུལ་རྒྱ་ཆེ་ཞིག་དང་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་ཀྱང་སྤེལ་རྒྱུའི་འཆར་གཞི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎