སེང་སྒྲ་ལགས་བཙོན་བཀྲོལ་བྱུང་ནས་ཕ་ཡུལ་དུ་འབྱོར་འདུག


2016.10.18
སེང་སྒྲ་ལགས་ཀྱི་ཉེ་པར། སེང་སྒྲ་ལགས་ཀྱི་ཉེ་པར།
བོད་འབྱོར། ཀུན་བཟང་བསྟན་འཛིན།

སེང་སྒྲ་ལགས་རྒྱ་ནག་གི་བཙོན་ཁང་ནས་གློད་བཀྲོལ་ཐོབ་ཡོད་ཀྱང་སྐུ་གཟུགས་ཀྱི་གནས་སྟངས་སྐྱོ་བོ་ཡོད་པ་རེད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། ཨ་མདོ་མགོ་ལོག་ནས་ཡིན་པའི་སེང་སྒྲ་ལགས་རྒྱ་ནག་གི་བཙོན་ཁང་ནས་གློད་བཀྲོལ་ཐོབ་ཡོད་ཀྱང་སྐུ་གཟུགས་ཀྱི་གནས་སྟངས་སྐྱོ་བོ་ཡོད་པ་རེད་འདུག ཁོང་ཕྱི་ཟླ་༡༠་བའི་ཚེས་༡༨་ཉིན་ཟི་ལིང་ཕྱོགས་ཀྱི་ཏོན་ཧྲིན་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་པ་དང་། གློད་བཀྲོལ་ཐོབ་མ་ཐག་རྗེ་སྐུ་འབུམ་དགོན་པར་མཆོད་མཇལ་ལ་བཅར་རྗེས་རང་ཁྱིམ་དུ་ཕེབས་ཡོད་འདུག
འོན་ཀྱང་གནས་ཚུལ་ངོ་སྤྲོད་གནང་མཁན་གྱི་གསུངས་ན། དེ་སྔ་དང་མི་འདྲ་བར་ཁོང་ལ་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་ཧ་ཅང་བཏང་བའི་རྐྱེན་གྱིས་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་སྐྱོ་པོ་ཆགས་ཡོད་ལུགས་གསུངས་འདུག

མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོའི་ནང་དེ་སྔ་ཕྱི་ལོ་༢༠༡༤་ལོར་ས་གནས་ཀྱི་འགོ་ཁྲིད་དུ་མང་ཚོགས་ནས་འོས་འདེམས་བྱས་པའི་ཨ་ཉག་སེང་སྒྲའམ་སེང་སྒྲ་ལགས་བདམས་ཐོན་བྱུང་ཡོད་ཀྱང་། སྐབས་དེར་རྒྱ་ནག་གཞུང་གིས་ཁོང་གིས་དེ་སྔ་ཁྲིམས་དང་འགལ་བའི་ལས་ཀ་བྱས་ཡོད་ལུགས་སོགས་བཤད་ནས་མང་ཚོགས་ནས་བདམས་པ་དེར་ངོས་ལེན་མ་བྱས་པའི་ཁར་རིམ་པས་ཕྱི་ལོ་༢༠༡༤་ཕྱི་ཟླ་༡༢་བའི་ཚེས་༡༤་ཉིན་དངོས་སུ་འཛིན་བཟུང་དང་། རྗེས་སུ་ལོ་གཅིག་དང་ཟླ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད་བཀལ་ཡོད་འདུག།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎