བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་གཞུང་ལ་ངོ་རྒོལ།

བོད་རང་དབང་སློབ་ཕྲུག་ཚོགས་པས་ནིའུ་དབྱོག་ནང་ཡོད་པའི་རྒྱ་ནག་སྐུ་ཚབ་ལས་ཁུངས་ཐོག་བོད་ཀྱི་གནད་དོན་སྐོར་འགྲེལ་བཤད་རྒྱབ་འདུག

2010.09.04

༄༅།།དེང་སྐབས་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧད་ནང་ཚུགས་བཞིན་པའི་འཛམ་གླིང་དངོས་མང་འགྲེམས་སྟོན་གྱི་ལས་རིམ་ནང་ཟླ་བ་འདིའི་ཚེས་༡ནས་ཚེས་༥བར་བོད་ཀྱི་བྱེད་སྒོའི་གཟའ་འཁོར་ཞེས་པ་ཞིག་སྤེལ་ནས་གཟའ་འཁོར་འདིའི་རིང་རྒྱ་ནག་གཞུང་གིས་དབང་བསྒྱུར་འོག་བོད་ནང་འཕེལ་རྒྱས་སྐོར་གྱི་འགྲེམས་སྟོན་དང་ དེ་བཞིན་བོད་ཀྱི་གཞས་སྣ་གཟིགས་འབུལ་གྱི་ལས་རིམ་སྤེལ་བཞིན་པ་དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་དེ་ཕྱི་ཕྱོགས་སུ་འགེབས་སྲུང་ཀྱིས་རང་ཕྱོགས་ཀྱིས་བོད་ནང་གི་གནས་སྟངས་དྲིལ་བསྒྲགས་བྱེད་བཞིན་པར་ངོ་རྒོལ་ཆེད་ཨ་རིའི་གྲོང་ཁྱེར་ནིའུ་དབྱོག་ནང་རྟེན་གཞི་བྱས་པའི་བོད་རང་དབང་སློབ་ཕྲུག་ཚོགས་པས་ཚེས་༤འི་དགོངས་དྲོ་གྲོང་ཁྱེར་ནིའུ་དབྱོག་ནང་ཡོད་པའི་རྒྱ་ནག་སྐུ་ཚབ་ལས་ཁུངས་ཀྱི་ཐོག་བརྩེགས་ཅན་གྱི་ཁང་པའི་སྟེང་ གློག་བརྙན་གྱི་རྣམ་པའི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གཏོང་གི་ཡོད་པ་མ་ཟད་ བོད་མི་རྩོམ་པ་པོ་དང་ཆོས་ལུགས་མི་སྣ་ ཤེས་ཡོན་ཅན་སོགས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་མཁན་ཚོ་བཙོན་འཇུག་བྱེད་པ་ དེ་བཞིན་བོད་ནང་རྩོམ་ཡིག་དང་  སྙན་ངག་ གཞས་སོགས་ཡང་རང་དབང་ཐོག་གཏོང་ཆོག་གི་མེད་པ་སོགས་ཀྱི་གནས་སྟངས་དངོས་གློག་བརྙན་བཏོན་པ་དང་ཆབས་ཅིག་ འཕྲེད་དར་དང་ཡིག་ཆེན་སོགས་ཁྱེར་ནས་འགྲེལ་བཤད་བྱས་ཡོད་པར་ གྲོང་ཁྱེར་དེའི་ནང་གི་མི་མང་པོས་དཔར་རྒྱབ་པ་སོགས་དོ་སྣང་ཆེན་པོ་བྱས་ཡོད་འདུག

བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་བའི་སྐབས་གསུངས་ན་ རྒྱ་ནག་གཞུང་གིས་ཧྲང་ཧང་དངོས་མང་འགྲེམས་སྟོན་ཐོག་བོད་ཀྱི་གཟའ་འཁོར་ཞེས་པ་བཏོན་ནས་བོད་ནང་གི་བོད་མི་ཚོར་རང་དབང་དང་བདེ་སྐྱིད་ཡོད་པའི་རྣམ་པ་ཞིག་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་ཀྱི་ཡོད་ན་ཡང་ དོན་དངོས་ཐོག་བོད་ནང་རང་ཉིད་ཀྱི་ཆོས་དང་རིག་གཞུང་ལ་སྲུང་སྐྱོབ་དང་ ལས་དོན་སྤེལ་མཁན་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པར་བརྟེན་ ང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ནང་གི་བོད་མི་ཚོའི་ཚབ་ཞུས་ནས་རྒྱ་ནག་གཞུང་གི་བྱ་སྤྱོད་དངོས་དེ་རྒྱལ་སྤྱིའི་ཐོག་བཏོན་ནས་འཛམ་གླིང་མི་མང་ཚོས་ཤེས་རྟོགས་ཐུབ་པ་བཟོ་རྒྱུ་དེ་ནི་ང་ཚོའི་ལས་འགན་རེད་ཅེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎