བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བ།

༧གོང་ས་མཆོག་གིས་བོད་ནང་རྒྱ་ནག་གི་འཛིན་སྐྱོང་དཔོན་རིགས་ཚོས་བཙན་ཤེད་དང་འཇིགས་སྐྲག་གིས་དབང་སྒྱུར་བྱེད་བཞིན་ཡོད་པའི་བཀའ།

2011.06.06

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ བོད་ནང་རྒྱ་ནག་གི་འཛིན་སྐྱོང་དཔོན་རིགས་ཚོས་བཙན་ཤེད་དང་འཇིགས་སྐྲག་ཆེ་བའི་དབང་སྒྱུར་བྱེད་བཞིན་ཡོད་པར་བརྟེན་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྐོར་བཀའ་གནང་འདུག། ༧གོང་ས་མཆོག་གིས་རྒྱ་མིའི་འཛིན་སྐྱོང་མི་སྣ་ཚོས་བོད་ཐོག་སྲིད་བྱུས་འཛིན་སྟངས་ལ་སྐྱོན་བརྗོད་གནང་བ་དང་འབྲེལ། དྲག་པོའི་དམག་གི་སྲུང་ཆ་དམ་པོའི་འོག་བོད་ཀྱི་རིག་གཞུང་དང་ཤེས་ཡོན་ཐོག་རྒྱ་གཞུང་གིས་དམ་བསྒྲཌ་ཤུགས་ཆེ་བྱེད་བཞིན་ཡོད་སྐོར་བཀའ་གནང་འདུག།

རེས་གཟའ་ཉི་མའི་ཉིན་ཨ་རིའི་བརྙན་འཕྲིན་WHUT ཐོག་གསར་འགོད་པ་ཇིམ་ག་ལསེ་མེན་(Jim Glassman)ཡིས་༧གོང་ས་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུས་པའི་ལས་རིམ་ ཞིག་རྒྱང་བསྲིང་གནང་བའི་ནང༌། བོད་ནང་གི་ད་ལྟའི་གནས་སྟངས་སྐོར་ག་ལསེ་མེན་གྱིས་བཀའ་འདྲི་ཞུ་སྐབས་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ བོད་ནང་རྒྱ་མིའི་དཔུང་དམག་ཁྱོན་འབོར་ཆེ་རུ་ཕྱིན་ཡོད་པ་དང༌།

བདེ་སྲུང་དམག་མིའང་ཁྱོན་ཆེ་འགྲེམས་འཇོག་བྱས་ཡོད་སྟབས། རྒྱ་ནག་གིས་བོད་ནང་བཙན་ཤེད་ཀྱི་དབང་སྒྱུར་དང་འཇིགས་སྐྲག་གི་དབང་སྒྱུར་བྱེད་བཞིན་ཡོད་སྐོར་བཀའ་ལན་གནང་བཞག། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་བོད་ཡིག་སློབ་གསོའི་ཐོག་དམ་བསྒྲཌ་དང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་མིང་ཐོག་ནས་བོད་ནང་ཆབ་སྲིད་ཀྱི་སློབ་གསོ་བསྐྱར་མ་དྲག་ཤུགས་ཆེན་པོའི་སྒོ་ནས་སྤེལ་བཞིན་ཡོད་པ་ལྟར། བོད་མི་ཚོས་ བོད་ནང་བསྐྱར་དུ་རིག་གནས་གསར་བརྗེ་འགོ་འཛུགས་བྱས་ཡོད་པའི་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་སྐོར་བཀའ་གནང་སྟེ།

རྒྱ་ནག་གཞུང་གི་བསམ་བློ་གུ་་དོག་དང་མིག་འགྱངས་ཐུང་ངུའི་གྱོང་མཁྲེགས་ཀྱི་སྲིད་བྱུས་འཛིན་པའི་རྐྱེན་གྱིས་༢༠༠༨ལོར་བོད་ནང་གི་བོད་མི་ཚོས་ཞི་བའི་གྱེན་ལངས་གྱི་གནས་ཚུལ་དེ་བྱུང་ཡོད་སྐོར་བཀའ་གནང་འདུག།

ཉེ་དུས་བོད་ཀྱི་ས་ཁུལ་ནང་ས་གནས་རྒྱ་མིའི་ཉེན་རྟོག་པས་བོད་པའི་སློབ་ཕྲུག་ཚོའི་ཉལ་ཁང་བསྔོག་བཤེར་བྱས་ནས་བོད་པའི་ཀློག་དེབ་ཡོངས་རྫོགས་འཕྲོག་ལེན་བྱས་པ་དང༌། རྒྱ་གཞུང་གིས་འགྲེམས་སྤེལ་བྱས་པའི་ཀློག་དེབ་ཅིག་པུ་མ་གཏོགས་བདག་ཉར་བྱེད་མི་ཆོག་པའི་དམ་བསྒྲཌབྱས་པའི་གནས་ཚུལ་༧གོང་ས་མཆོག་གིས་མཁྱེན་རྟོགས་བྱུང་ཞེས་བཀའ་གནང་སྟེ། རྒྱ་མིས་བོད་ནང་བོད་པའི་ཤེས་ཡོན་ཐོག་ལའང་དམ་བསྒྲཌ་ཆེན་པོ་བྱེད་བཞིན་ཡོད་པར་ཐུགས་འཚབ་ཆེན་པོ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎