འཛམ་གླིང་ནང་ཁྲིམས་ལུཊ་དྲང་བདེན་ཡོད་མེད་ཐད་ཉམས་ཞིབ།

རྒྱ་ནག་དང་ར་ཤི་ཡ་ཨ་མི་རི་ཀའི་ཡུལ་ཁག་བཅས་པའི་ནང་ཁྲིམས་ལུགས་ལག་ལེན་བསྟར་ཕྱོགས་ཐོག་དཀའ་རྙོག་ཡོད་པའི་གནས་ཚུལ་འདུག

2011.06.13

༄༅༎འཛམ་གླིང་གི་ཡུལ་ཁག་ནང་ཁྲིམས་ལུགས་ལག་བསྟར་དེ་ཇི་འདྲ་ཡོད་པའི་ཉམས་ཞིབ་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་རྒྱ་ནག་དང་ར་ཤི་ཡ་ཨ་མི་རི་ཀའི་ཡུལ་ཁག་བཅས་པའི་ནང་ཁྲིམས་ལུགས་ལག་ལེན་བསྟར་ཕྱོགས་ཐོག་དཀའ་རྙོག་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེདཡར་རྒྱས་འགྲོ་བཞིན་པའི་ཡུལ་ཁག་ཁོངས་རྒྱ་ནག་ལ་ཆ་བཞག་པ་ཡིན་ནཡུལ་དེའི་ཁྲིམས་ལུགས་ཀྱི་ཚན་པ་ཁག་གི་སྤུས་ཚད་དང་ལག་ལེན་བསྟར་ཕྱོགས་སོགས་ཀྱི་ཐོག་ཡར་རྒྱས་གང་མཚམས་ཕྱིན་ཡོད་ཀྱང་ཁྲིམས་ལུགས་ཀྱི་ཚན་པ་ཁག་རང་དབང་ཅན་གྱི་ཚན་པ་ཆགས་རྒྱུར་ད་དུང་ཡར་རྒྱས་གཏོང་དགོས་སྐོརའཛམ་གླིང་ཁྲིམས་ལུགས་ཐོག་དྲན་བདེན་ཡོད་མིན་གྱི་རྟོག་ཞིབ་ཚན་པ་དེས་གསུང་ཡོད་པ་རེད          

གོང་ཞུས་ཀྱི་རྟོག་ཞིབ་ཚན་པ་དེསརྒྱ་གར་ནང་སྨྲ་བརྗོད་རང་དབང་ཆེན་པོ་ཡོད་པ་དང་ཁྲིམས་ལུགས་རང་དབང་དང་གཞུང་གི་ཕྱག་ལས་གནང་ཕྱོགས་ཐོག་ཕྱི་གསལ་ནང་གསལ་ཡོད་ནའང་གཞུང་གི་ལས་ཁུངས་ཁག་ལས་དོན་ཚག་འཚུད་མེད་པ་དང་ཁྲིམས་ཁང་གི་ལས་དོན་དེ་དུས་འགོར་ཆེ་བ་དང་ལྐོག་བཟའ་རུལ་སུངས་གི་དཀའ་རྙོག་མང་པོ་ཡོད་པའི་སྐོརསྙན་ཐོ་དེའི་ནང་བཀོད་ཡོད་པ་རེད         

ཡང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁུངས་ར་ཤི་ཡའི་གཞུང་གི་ཕྱག་ལས་གནང་ཕྱོགས་དེརགཞུང་གི་ཚན་པ་ཁག་བར་དབང་ཆ་བགོས་འགྲེམས་མེད་པ་དང་ལྐོག་བཟའ་རུལ་སུངས་དང་སྲིད་དོན་ཐོག་ཐེ་བྱུས་ཤུགས་ཆེ་ཡུལ་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མེད་པ་མ་ཟདསྨ་བརྗོད་རང་དབང་དང་མི་མང་འདུ་ཚོགས་ཆོག་པའི་རང་དབང་མེད་པ་སོགས་ཀྱི་དཀའ་རྙོག་དུ་མ་ཡོད་པའི་སྐོར་སྙན་ཐོ་དེའི་ནང་བཀོད་ཡོད་པ་རེད           

ཨ་མི་རི་ཀར་ཆ་བཞག་པ་ཡིན་ན་གཞུང་གི་ལས་དོན་གནང་ཕྱོགས་དེ་ཡག་པོ་ཡོད་པ་དང་ཡུལ་མིར་ཆབ་འབངས་ཀྱི་རང་དབང་ཡོད་པ་མ་ཟད་ཁྲིམས་ལུགས་ཀྱང་རང་དབང་ལྡན་པ་ཡོད་ནའང་བསྐོར་སྲུང་བ་དང་ཁྲིམས་ཁང་ཁག་གིས་ཕྱི་རྒྱལ་གྱི་ཡུལ་མི་དང་གྲངས་ཉུང་མི་རིགས་ཚོར་ཁྲིམས་ལུགས་དྲང་བདེན་བྱེད་ཀྱི་མེད་པའི་སྐྱོན་བརྗོད་ཕོག་ཡོད་པ་རེད          

ཡིན་ནའང་ཡོ་རོབ་ཀྱི་ཡུལ་གྲུ་སུད་ཌེན་དང་ནོར་ལྦེ་ཡུལ་གཉིས་འཛམ་གླིང་ནང་ཁྲིམས་ལུགས་དྲང་བདེན་གྱི་ཚད་གཞི་དེ་ལེགས་ཤོས་ཡོད་པ་གོང་ཞུས་འཛམ་གླིང་ནང་ཁྲིམས་ལུགས་དྲང་བདེན་ཉམས་ཞིབ་ཚན་པ་དེའི་སྙན་ཐོའི་ནང་བཀོད་ཡོད་པ་རེད

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎