རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པའི་འབོད་སྐུལ།

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་སྤེལ་མཁན་གྱི་བཙོན་པ་རྣམས་གློད་བཀྲོལ་ཡོང་ཐབས་འགན་འཁུར་ཆེ་ཙམ་བཞེས་དགོས།

2010.02.12

༄༅༎རེས་གཟའ་ཕུར་བུའི་ཉིན་རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས། རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་སྤེལ་མཁན་གྱི་བཙོན་པ་རྣམས་གློད་བཀྲོལ་ཡོང་ཐབས་ཀྱི་ཕྱག་ལས་འགན་འཁུར་ཆེ་ཙམ་བཞེས་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

དེ་ཡང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེ་ཡིས་གསུངས་པར། ཕྱི་ལོ་༢༠༠༨ལོར་རྒྱ་ནག་ནང་དུ་ཨོ་ལིམ་པིག་རྩེད་འགྲན་ཚོགས་པའི་རིང་ལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་སྤེལ་མཁན་རྒྱ་མི་རིགས་ཁག་ཅིག་གིས། སྨྲ་བརྗོད་རང་དབང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱད་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ། ད་དུང་ཡང་མུ་མཐུད་བཙོན་ཁང་དུ་དཀའ་སྡུག་མྱོང་བཞིན་ཡོད་པ་དང། ཁོང་ཚོའི་ནང་མི་ཚོ་ཡང་ཨོ་ལིམ་པིག་རྩེད་འགྲན་དེའི་འཇིགས་སྐྲག་ཆེ་བའི་ཤུགས་རྐྱེན་འོག་དཀའ་སྡུག་མྱོང་བཞིན་ཡོད་པའི་གནས་ཚུལ་ལུང་འདྲེན་གནང་སྟེ། ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་རོག་ཡིས་ད་བར་རྒྱ་ནག་གཞུང་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་ཉེས་མེད་ཀྱི་བཙོན་པ་རྣམས་གློད་བཀྲོལ་ཡོང་ཐབས་ཀྱི་ཐད་ལ་ཕྱག་ལས་གང་ཡང་གནང་གི་མེད་པ་མ་ཟད། ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་དེའི་སྙན་གྲགས་ལ་མུ་མཐུད་ནག་ཐིག་ཕོག་ཡོད་པའི་སྐྱོན་བརྗོད་བྱས་པ་རེད།

ད་དུང་ཚོགས་པ་དེས་གསུངས་ན། ཁོང་ཚོས་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་རོག་ཡི་མཚན་ཐོག་ལ། སྙན་ཞུ་ཞིག་ཕུལ་ཏེ། རྒྱ་ནག་གི་དཔོན་རིགས་ལྷན་དུ་༢༠༠༨ལོའི་ཨོ་ལིམ་པིག་རྩེད་འགྲན་སྐབས་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱད་དེ་བཙོན་འཇུག་བྱས་པའི་བཙོན་པ་ཡོངས་རྫོགས་འཕྲལ་དུ་གློད་འགྲོལ་ཡོང་ཐབས་ཀྱི་བཀའ་མོལ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང། རེས་གཟའ་པ་སངས་ཉིན་སྙན་ཞུ་དེའི་ངོ་བཤུས་རེ་རེ་ཕེ་རེན་སིའི་རྒྱལ་ས་པེ་རི་སི་དང་འཇར་མ་ནིའི་རྒྱལ་ས་སྦར་ལིན་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་སོ་སོར་ཕུལ་ཡོད་པའི་སྐོར་གསུངས་ཡོད་པ་རེད། ཡིན་ནའང་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་རོག་ཡིས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེའི་སྐྱོན་བརྗོད་བྱས་པའི་གནས་ཚུལ་ཐོག་ལ་དེ་བྱས་འདི་མིན་གྱི་ལན་འདེབས་གསལ་བཤད་གང་ཡང་གནང་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎