བོད་ཀྱི་ཨ་ཆེན་གངས་རྒྱབ་རི་བོའི་མིང་བཏོན་པར་སྐྱོན་བརྗོད།


2017.06.30
བོད་ནང་གི་འབྲོག་ས་ཞིག བོད་ནང་གི་འབྲོག་ས་ཞིག
ICT

རྒྱ་ནག་གཞུང་གིས་ཨ་ཆེན་གངས་རྒྱབ་རི་བོའི་མིང་རིག་དངོས་སྲུང་སྐྱོབ་ཁོངས་སུ་བཏོན་པར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྐྱོན་བརྗོད་བྱས་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་ཁུ་ནུ་རི་རྒྱུད་ཀྱི་ཨ་ཆེན་གངས་རྒྱབ་རི་བོ་དེ་ནི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རིག་དངོས་སྲུང་སྐྱོབ་གྲས་ཀྱི་མིང་ཐོའི་ཁོངས་སུ་བཏོན་པ་དེ་ནི་བོད་ཀྱི་འབྲོག་པ་དང་རང་བྱུང་ཁོར་ཡུག་ལ་གནོད་འཚེ་འགྲོ་རྒྱུའི་འཆར་གཞི་ཡིན་ལུགས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྐྱོན་བརྗོད་བྱས་འདུག
དེ་ཡང་ཕྱི་ཟླ་དྲུག་པའི་ཚེས་༣༠ རེས་གཟའ་པ་སངས་ཉིན། འདི་ག་ཨ་རིའི་རྒྱལ་སའི་ནང་གི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གཞུང་གིས་བོད་ས་མཐོའི་ཨ་ཆེན་གངས་རྒྱབ་རི་རྒྱུད་ཀྱི་ས་ཁུལ་གཞི་རྒྱ་ཆེན་པོ་དེ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རིག་དངོས་སྲུང་སྐྱོབ་ཁོངས་སུ་ཚུད་ཐབས་བྱེད་པའི་ལས་དོན་དེའི་འཆར་གཞིའི་ནང་དུ། བོད་མི་འབྲོག་པ་རྣམས་ས་དེ་ནས་གནས་སྤོ་འམ་མེད་པ་བཟོ་དགོས་པར་བརྟེན་ནས། ད་བར་ས་གནས་བོད་མི་འབྲོག་པ་དེ་དག་གིས་ས་ཁུལ་དེར་གནས་པའི་རི་དྭགས་སྲོག་ཆགས་དང་། སྐྱེས་དངོས་རྣམས་སྲུང་སྐྱོབ་བྱེད་བཞིན་འཚོ་གནས་བྱེད་མཁན་ཞིག་ཡིན། འོན་ཀྱང་རྒྱ་ནག་གཞུང་གིས་ས་ཆ་དེ་བཞིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་མིང་གཞུང་ནང་བཅུག་ན་དེའི་ཁུལ་གྱི་འབྲོག་པ་མང་ཚོགས་དང་རི་དྭགས་སྲོག་ཆགས་རྣམས་ལ་ཉེན་ཁ་ཆགས་ཀྱི་ཡོད་པའི་སྐོར་གསལ་སྟོན་གནང་ཡོད་པ་རེད།
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་ལྷན་ཚོགས་གཟའ་འཁོར་རྗེས་མའི་ནང་(Poland)གྱི་གྲོང་ཁྱེར་(Krakow)ནང་ཚོགས་པའི་སྐབས། གནད་དོན་དེའི་ཐད་ཐག་གཅོད་གནང་རྒྱུའི་འཆར་གཞི་ཡོད་པར་བརྟེན་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཚོགས་འདུ་མ་ཚོགས་པའི་སྔོན་དེར་ཉེན་བརྡ་བཏང་གནང་བ་ཞིག་ཡིན་པ་མ་ཟད་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་(Matteo Mecacci) གྱིས་ང་ཚོས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རིག་དངོས་སྲུང་སྐྱོབ་ཚོགས་ཆུང་ལ། གནད་དོན་དེའི་ཐད་ཐག་གཅོད་གནང་རྒྱུ་ཕྱིར་འཐེན་གནང་སྟེ། སྔོན་ལ་ཞིབ་འཇུག་དང་དཔྱད་ཞིབ་ནན་པོ་དང་ཞིབ་ཚགས་མཐིལ་ཕྱིན་པ་གནང་དགོས་པ་དང་། དེ་ཡང་མཐའ་ཅིག་ཏུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རིགས་དངོས་སྲུང་སྐྱོབ་ཀྱི་ལམ་སྟོན་གཞི་བཟུང་དང་མཐུན་པ་གནང་དགོས་པའི་སྐོར་འབོད་སྐུལ་ཞུ་གི་ཡོད་ཅེས་གསུངས་འདུག

གསར་འགོད་པ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎