བོད་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ལ་བློ་འཚབ།
2011.09.30
༄༅༎ནིའུ་ཡོརྐ་མངའ་སྡེའི་ཁྱབ་ཁུངས་གྲོང་ཁྱེར་སེ་ར་ཀོས་ནང་པའི་སྤྱི་ཚོགས་ཀྱིས་ བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་ཐོག་རྒྱ་གཞུང་གིས་དྲག་གནོན་མུ་མཐུད་བྱེད་བཞིན་པར་བློ་འཚབ་དང་བཅས། ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ཀྱི་
དཀའ་སྡུག་སེལ་ཆེད་ཉིན་ལྟར་ཞལ་འདོན་གསོལ་འདེབས་ཞུ་བཞིན་འདུག།
དེ་བཞིན་ གྲོང་ཁྱེར་་སེ་ར་ཀོས་ནང་གི་ནང་ཆོས་ལ་དད་པ་གནང་མཁན་ཚོས་ཡུ་རོཔ་གྲོས་ཚོགས་དང་ཨ་མི་རི་ཀའི་གཞུང་གཉིས་ནས། རྒྱ་ནག་གིས་བོད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཚོར་ཆོས་དད་རང་དབང་སྤྲོད་ཀྱི་མེད་པ་དང་། ཁོང་རྣམ་པར་དྲག་རྩུབ་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་སྟངས་ལ་སྐྱོན་བརྗོད་གནང་རྗེས། ཨ་རིའི་གྲོང་ཁྱེར་སེ་ར་ཀོས་ཀྱི་ནང་པ་ཚོས་ཀྱང་ ཀིརྟི་དགོན་པའི་ཐོག་རྒྱ་ནག་གི་དྲག་གནོན་བྱེད་བཞིན་ཡོད་པར་ངོ་རྒོལ་དང་བློ་འཚབ་གནང་ཤུགས་ཆེ་རུ་ཕྱིན་ཡོད་པའི་སྐོར། སེ་ར་ཀོས་ ནང་ཆོས་གསར་ཤོག་ཐོག་གནས་ཚུལ་བཀོད་འདུག།
སེ་ར་ཀོས་ གྲོང་ཁྱེར་དེ་བཞིན་ ནིའུ་ཡོརྐ་མངའ་སྡེའི་ཤེས་རིགས་དང་དཔལ་འབྱོར་གྱི་ལྟེ་གནས་གལ་ཆེ་ཞིག་ཆགས་ཀྱི་ཡོད་པ་དང༌། གྲོང་ཁྱེར་དེའི་ནང་གནས་སྡོད་བྱེད་མཁན་མི་འབོར་ཆིག་འབུམ་ཞི་ཁྲི་ལྔ་སྟོང་ལྷག་ཡོད་པ་རེད།།