༢༠༡༦ལོའི་དབྱར་དུས་ཨོ་ལིམ་པིཀ་སྦེ་རེ་ཛིལ་ནང་ཚོགས་འཆར།
2009.10.03
༄༅༎ཕྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་དབྱར་དུས་ཀྱི་ཨོ་ལིམ་པིཀ་རྩེད་འགྲན་དེ་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་སྦེ་རེ་ཛིལ་གྱི་རྒྱལ་ས་རི་ཨོ་ཌི་ཇ་ནེ་རོ་ནང་གོ་སྒྲིག་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་འདུག
དེ་ཡང་ཕྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་བྱེད་རྒྱུའི་ཐོབ་དབང་དེ་རྒྱལ་ཁབ་གང་ལ་སྤྲོད་དང་མི་སྤྲོད་ཀྱི་ཐག་གཅོད་དེ་འདི་ཚེས་གཉིས་ཀྱི་ཉིན་མོར་ཡུ་རོབ་བྱང་མའི་རྒྱལ་ཁབ་ཌེན་མཀ་ཀྱི་རྒྱལ་ས་ཁོ་པེན་ཧེ་གེན་ནང་གནང་ཡོད་པ་དང་སྐབས་དེའི་འགྲན་རྩོད་ནང་ཞུགས་མཁན་གྱི་ཁོངས་སུ་ཨ་རིའི་གྲོང་ཁྱེར་ཤི་ཁ་གོ་དང་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ། སི་པེན་གྱི་རྒྱལ་ས་མཱ་ཌི་རིདྲ་བཅས་བྱུང་ཡོད་པའི་ནང་ནས་མཐའ་མའོ་འོས་བསྡུ་བྱས་པའི་ནང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་སྦེ་རེ་ཛིལ་ལ་རྒྱབ་ཁ་ཐོབ་སྟེ་ཕྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་སྤྱིའི་དབྱར་དུས་ཀྱི་རྩེད་འགྲན་དེ་ཡུལ་དེའི་རྒྱལ་ས་རི་ཨོ་ཌི་ཇ་ནེ་རོའི་སྐོང་འཚོགས་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་འདུག