རྒྱ་ནག་གཞུང་གིས་ཡེ་ཤུའི་བླ་ཆེན་ལ་སྐྱོན་འཛུགས།

རྒྱ་ནག་གཞུང་གིས་ཡེ་ཤུའི་བླ་ཆེན་ནས་ཡེ་ཤུའི་གནམ་བདག་ཆོས་ལུགས་ཉམས་ལེན་པ་ཚོར་ལམ་སྟོན་ནོར་པ་བྱེད་ཀྱི་ཡོད་པའི་སྐོར་སྐྱོན་འཛུགས།

2010.12.23

༄༅༎རྒྱ་ནག་གཞུང་གིས་ཡེ་ཤུའི་བླ་ཆེན་སྤོ་བོག་མཆོག་ནས་རྒྱ་ནག་གི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཉམས་ལེན་པ་ཚོར་ལམ་སྟོན་ནོར་པ་བྱེད་ཀྱི་ཡོད་པའི་སྐོར་སྐྱོན་འཛུགས་ཤུགས་ཆེ་ཞིག་བྱས་ཡོད་པ་རེད་

དེ་ནི་ཉེ་ལམ་ཡེ་ཤུའི་བླ་ཆེན་མཆོག་གིས་རྒྱ་ནག་ནང་གི་ཡེ་ཤུའི་གནམ་བདག་ཆོས་བྱེད་པ་ཚོར་གཞུང་གིས་བཏང་འཛིན་བྱས་པའི་རྒྱ་ནག་གི་གནམ་བདག་ཆོས་ལུགས་རྒྱལ་གཅེས་ཚོགས་པ་དང་ རྒྱ་ནག་གི་ཡེ་ཤུའི་ཆོས་དཔོན་གྱི་ལྷན་ཚོགས་ཞེས་པའི་ཆོས་ཚོགས་གཉིས་ཀྱི་ལྷན་ཚོགས་ནང་ཆ་ཤས་ལེན་རྒྱུ་མེད་པའི་བཀའ་བཏང་ཡོད་པ་དང་ བླ་ཆེན་མཆོག་གིས་ཆོས་ཚོགས་འདི་གཉིས་ཀྱི་སྒྲིག་གཞི་གནམ་བདག་ཆོས་ལུགས་ཀྱི་འགྲོ་ལུགས་དང་མཐུན་གྱི་མེད་པའི་སྐྱོན་བརྗོད་ཤུགས་ཆེ་ཞིག་གནང་ཡོད་པ་རེད་

རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡེ་ཤུའི་ཆོས་བྱེད་པ་ཚོར་གཞུང་གི་ངོས་ལེན་གནང་བའི་ཆོས་ཚོགས་གང་ཞིག་གི་ཆ་ཤས་དགོས་པ་ལས་ གཞུང་གཞན་གྱི་ཆོས་ཚོགས་ཤིག་ངོས་ལེན་མེད་པའི་བཙན་བཀའ་བཏང་གི་ཡོད་པ་དང་ གོང་ཞུས་གཞུང་འབྲེལ་ངོས་ལེན་གནང་བའི་ཡེ་ཤུའི་ཆོས་ཚོགས་གཉིས་ཀྱི་ཐེངས་འདིའི་ལྷན་ཚོགས་ནང་དུའང་གཞུང་གི་བཀའ་བརྩི་དང་ལེན་ཞུ་རྒྱུའི་ནན་བརྗོད་གནང་ཡོད་པ་རེད་ རྒྱ་ནག་གཞུང་གི་མགྲིན་ཚབ་པས་ཁ་ས་ཡེ་ཤུའི་བླ་ཆེན་མཆོག་ལ་སྐྱོན་བརྗོད་ནང་རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་ཡེ་ཤུའི་ཆོས་ཚོགས་ཁག་ལ་ཕྱི་ཕྱོགས་ཀྱི་གཞུང་དང་ཚོགས་སྡེ་གང་འདྲ་ཞིག་གིས་ངོས་ལེན་ཞུ་དགོས་པ་ཁས་ལེན་བྱེད་ཀྱི་མ་རེད་ཟེ་དགག་ལན་ཤུགས་ཆེ་ཞིག་བྱས་ཡོད་པ་རེད་

ཡེ་ཤུའི་བླ་ཆེན་མཆོག་གིས་རྒྱ་ནག་གཞུང་གིས་ཆོས་ལུགས་ཀྱི་ལས་དོན་ལ་ཐེ་གཏོགས་བྱ་རྒྱུ་འདི་ཡེ་ཤུའི་ཆོས་བྱེད་པ་ཚོའི་ཆོས་ལུགས་རང་དབང་ལ་དམ་བསྒགས་བྱེད་པ་ཞིག་མཚོན་གྱི་ཡོད་ཅེས་སྐྱོན་བརྗོད་གནང་གི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎