ཨ་རིིའི་ཕྱི་སྲིད་དྲུང་ཆེ་རའེ་སེ་མཆོག་རྒྱ་ནག་ཏུ་འཚམས་གཟིགས།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་རའེ་སེ་མཆོག་ཕྱི་ཟླ་དང་པོའི་ཚེས་བདུན་དང་བརྒྱད་བར་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ།

2009.01.02

༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཀོན་ཌོ་ལི་ཛ་རའེ་སེ་མཆོག་ཕྱི་ཟླ་དང་པོའི་ཚེས་བདུན་དང་བརྒྱད་བར་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ་རྒྱ་ནག་ཕྱི་སྲིད་ལས་ཁང་གིས་གཟའ་པ་སངས་ཉིན་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ད་རེས་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཡས་དེ་ནི་གཙོ་བོ་རྒྱ་ནག་དང་ཨ་རིའི་དབར་ཕྱི་འབྲེལ་འབྲེལ་ལམ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བའི་དུས་དྲན་གྱི་འབྲེལ་ཡོད་མཛད་སྒོ་ཁག་ནང་ཞུགས་རྒྱུའི་ཆེད་ཡིན་ཞིང་དེ་ཡང་ཁོང་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ཐུགས་འགན་བཞེས་པའི་རིང་གི་ཕྱི་རྒྱལ་ཡུལ་གྲུར་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཡས་མཐའ་མ་དེ་ཡིན་པ་རེད། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་འཆར་ཡོད་པའི་གནས་ཚུལ་དེ་ཕྱིར་བསྒྲགས་མ་གནང་སྔོན་ཨ་རིའི་སྲིད་འཛིན་ཇོར་ཇེ་སྦུཤི་མཆོག་དང་རྒྱ་ནག་གི་སྲིད་འཛིན་ལྦུའུ་ཇིན་ཐའོ་རྣམ་གཉིས་དབར་ཕྱི་ལོའི་ལོ་གསར་ཉིན་ཡུལ་གཉིས་དབར་ཕྱི་འབྲེལ་འབྲེལ་ལམ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བའི་དུས་དྲན་ལ་ཕན་ཚུན་འཚམས་འདྲིའི་འཕྲིན་ཡིག་གནང་ཡོད་པ་རེད། ༡༩༧༡འི་ཕྱི་ཟླ་དང་པོའི་ཚེས་གཅིག་ཉིན་ཨ་རི་གཞུང་གིས་ཐའེ་ལྦན་དང་གཞུང་འབྲེལ་འབྲེལ་ལམ་མཚམས་འཇོག་བྱས་ནས་རྒྱ་ནག་དང་གཞུང་འབྲེལ་འབྲེལ་ལམ་དངོས་སུ་གསར་བཙུགས་བྱས་ཡོད་ཅིང་གཟའ་པ་སངས་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གིས་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་རའེ་སེ་མཆོག་རྒྱ་ནག་ནང་ཕེབས་རིང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇལ་ཁྲེ་དང་ལྷན་དུ་ཕྱོགས་གཉིས་དབར་དགོངས་ཚུལ་སྤེལ་རེས་དང་དེ་བཞིན་ཡུལ་གྲུ་གཉིས་ཀས་ཐུགས་འཁུར་གནང་སའི་གནད་དོན་ཁག་གི་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་པའི་སྐོར་ཡོད་པ་ལས་ཞིབ་ཕྲ་གནད་དོན་ག་རེའི་ཐོག་ཕན་ཚུན་བཀའ་མོལ་གནང་འཆར་ཡོད་པ་སོགས་གནས་ཚུལ་གང་ཡང་གསལ་བཤད་བྱས་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎