འབར་མའི་སྲིད་འཛིན་གྱིས་འོས་བསྡུའི་སྐོར་ལ་གསུང་བཤད།

འབར་མའི་སྲིད་འཛིན་གྱིས་མི་མང་གིས་མང་མོས་ཐག་གཅོད་་གང་འདྲ་ཞིག་བྱས་ཀྱང་དེར་ཚང་མས་གུས་བརྩི་ཞུ་དགོས་པ་རེད་གསུང་བཞག

2012.03.26

༄༅༎འབར་མའི་གྲོས་ཚོགས་ཀྱི་འོས་བསྡུ་རན་པའི་སྐབས་སྲིད་འཛིན་མཆོག་གིས་མི་མང་གིས་མང་མོས་ཐག་གཅོད་་གང་འདྲ་ཞིག་བྱས་ཀྱང་ དེར་ཚང་མས་གུས་བརྩི་ཞུ་དགོས་པ་རེད་ཅེས་གསུང་བཞག། ད་ལན་གྱི་འབར་མའི་གྲོས་ཚོགས་ཀྱི་འོས་བསྡུའི་ནང་མང་གཙོ་ཚོགས་པའི་འོས་མི་ལྕམ་ཨང་སན་སུ་ཆི་མཆོག་ལ་རྒྱལ་ཁ་ཐོབ་པའི་རེ་བ་ཡོད་པ་རེད། སྲིད་འཛིན་ཐེཨིན་སེན་མཆོག་ནི་དམག་སྤྱི་ཟུར་པ་ཞིག་ཡིན་པ་དང་  ཁོང་སྲིད་འཛིན་དུ་བསྐོ་བཞག་བྱུང་རྗེས་འབར་མའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་མང་པོ་ཞིག་ཕྱིན་ཡོད་པ་རེད་ལ་ དེ་རིང་ཁོང་གིས་འོས་བསྡུ་དེ་བཞིན་དྲང་བདེན་དང་ རང་དབང་གི་ཐོག་ནས་ཡོང་ཐབས་སུ་ཚང་མས་འབད་བརྩོན་གནང་དགོས་སྐོར་གསུང་བཞག། དེ་བཞིན་སྲིད་འཛིན་ཐེཨིན་སེན་མཆོག་གིས་འོས་བསྡུའི་རྒྱལ་ཁ་ཐོབ་ཤོར་ཡོང་སྲིད་ཀྱང་ འོས་བསྡུའི་གྲུབ་འབྲས་དེར་ཚང་མས་ངོས་ལེན་ཐུབ་པ་བྱ་དགོས་པ་རེད་ དེ་བཞིན་མི་མང་གི་ཐག་ཆོད་ལ་བརྩི་བཀུར་ཞུ་ཆེད་ འོས་བསྡུ་ཤོར་མཁན་ཆབ་སྲིད་ཚོགས་པ་ཚོས་བཟོད་སྲན་ཐུབ་པ་བྱེད་དགོས་པ་རེད་ཅེས་གསུང་ཡོད་ལུགས་འབར་མའི་The New Light ཞེས་པའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་བཞག།
འབར་མའི་ནང་ཕྱི་ཟླ་༤ཚེས་༡ཉིན་གྲོས་ཚོགས་ཀྱི་བར་བརྒལ་འོས་བསྡུ་གནང་རྒྱུ་ཡིན་པ་དང་ འོས་མིའི་ཁོངས་སུ་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སན་སུ་ཆི་མཆོག་ཀྱང་ཡོད་པ་རེད་ ལྕམ་ཨང་སན་སུ་ཆི་མཆོག་སྐུ་གཟུགས་བདེ་མིན་གྱིས་རྐྱེན་པས་ ཁ་ས་རེས་གཟའ་ཉི་མའི་ཉིན་འོས་བསྡུའི་དྲིལ་བསྒྲགས་གནང་མཚམས་བཞག་དགོས་བྱུང་བཞག། ཕྱི་ལོ་༢༠༡༠ལོར་འབར་མའི་ནང་རྒྱལ་ཡོངས་འོས་བསྡུ་གནང་བའི་སྐབས་ འོས་བསྡུ་དྲང་བདེན་བྱུང་མེད་པ་དང་ ལྕམ་ཨང་སན་སུ་མཆོག་འོས་མིའི་ཁོངས་སུ་བཞེངས་སུ་མ་བཅུག་པ་སོགས་ཀྱི་སྐྱོན་བརྗོད་མང་པོ་བྱུང་ཡོད་པ་རེད། འོན་ཀྱང་ད་ལན་འབར་མའི་གཞུང་གིས་སྐྱོན་བརྗོད་དེ་རིགས་མ་ཡོང་བའི་ཆེད་ཨ་རི་དང་ ཡུ་རོབ་རྒྱལ་ཁབ་སོགས་འོས་བསྡུར་ཐུགས་ཞིབ་དང་ བར་དཔང་ཞུ་ཆེད་གདན་ཞུ་ཕུལ་ཡོད་པ་རེད། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎