མཁས་པའི་བགྲོ་གླེང་ཐོག་༸གོང་ས་མཆོག་ཆིབས་བསྒྱུར།

ཨེ་མོ་རི་གཙུག་ལག་སློབ་གྲ་ཆེན་མོར་མི་སྣ་གྲགས་ཅན་ལྷན་དུ་ཆོས་དང་རིག་རྩལ་སྒྱུ་རྩལ་བཅས་ཀྱི་ཐོག་ལ་བགྲོ་གླེང་སྩལ་གནང་ཡོད་པ་རེད་

2010.10.19

༄༅༎དེ་རིང་སྤྱི་ཚེས་༡༩ཉིན་ཨེ་མོ་རི་གཙུག་ལག་སློབ་གྲ་ཆེན་མོ་རུ་མི་སྣ་གྲགས་ཅན་ལྷན་འཛོམས་ཀྱི་བགྲོ་གླེང་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཉམ་ཞུགས་ཀྱིས་ཆོས་དང་ རིག་རྩལ་ སྒྱུ་རྩལ་བཅས་ཀྱི་ཐོག་ལ་བགྲོ་གླེང་སྩལ་གནང་བཞིན་ཡོད་པ་རེད་

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་༡༧ནས་འགོ་བཙུགས་ཀྱིས་ཇོ་ཇེ་ཡའི་མངའ་སྡེའི་གྲོང་ཁྱེར་ཨེཏ་ལན་ཀྲའི་ཨེ་མོ་རི་གཙུག་ལག་སློབ་གྲ་ཆེན་མོའི་ནང་ཆིབས་བསྒྱུར་བཀྲིན་བསྐྱང་གནང་བཞིན་པ་ལྟར་དེ་རིང་སྤྱི་ཚེས་༡༩ཉིན་གོང་ཞུས་སློབ་གྲ་དེའི་ནང་མི་སྣ་གྲགས་ཅན་ལྷན་འཛོམས་གྱི་བགྲོ་གླེང་ཐོག་༧གོང་ས་མཆོག་མཉམ་ཞུགས་ཀྱིས་ཆོས་དང་ རིག་རྩལ་ སྒྱུ་རྩལ་བཅས་ཀྱི་ཐོག་ལ་བགྲོ་གླེང་སྩལ་གནང་རྒྱུ་ཡིན་པ་སོགས་ཀྱི་སྐོར་གྲོང་ཁྱེར་ནེའུ་ཡོག་ནང་ཡོད་པའི་བཙན་བྱོལ་བོད་གཞུང་དོན་གཅོད་སྐུ་ཚབ་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་གིས་འདི་གར་ངོ་སྤྲོད་གནང་བ་དང་ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨེ་མོ་རི་གཙུག་ལག་སློབ་གྲའི་ནང་ཉིན་གསུམ་རིང་གི་མཛད་འཆར་ཁག་དེ་རིང་སྤྱི་ཚེས་༡༩ནས་གྲུབ་ཏེ་དེ་ནས་རིམ་བཞིན་ཨ་མི་རི་ཀའི་ཨོ་ཧིའོ་མངའ་སྡེའི་ནང་ཆིབས་བསྒྱུར་བསྐྱང་གནང་རྒྱུ་ཡིན་པ་རེད་ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎