རྒྱ་ནག་ཏུ་ས་རུས་དོན་རྐྱེན་འོག་མི་གསོན་སྦས་ཐེབས་པ།
2009.06.06
༄༅༎རྒྱ་ནག་ལྷོ་ནུབ་ཆོང་ཅིང་ཞིང་ཆེན་གྱི་ས་ཁུལ་ཞིག་ཏུ་རི་བོ་ཞིག་ཉེར་ཏེ་ས་རུས་ཤུགས་ཆེ་ཞིག་བརྒྱབས་པའི་འོག་མ་མཐར་མི་བཅུ་ཕྲག་ཁ་ཤས་སོན་སྦས་ཐེབས་ཡོད་འདུག་ཅིང་ཉེན་སྐྱོབ་པ་དང་དྭངས་བླངས་པ་མི་བརྒྱ་ཕྲག་འགའ་ཤས་ཀྱིས་སོན་སྦས་ཕྱིན་པའི་མི་དེ་དག་འཚོལ་སྒྲུབ་ཀྱི་ལས་དོན་སྤེལ་བཞིན་ཡོད་འདུག
ཞིག་ཉེར་དུ་སོང་བའི་རི་བོ་དེ་ནས་ལྕགས་ཀྱི་གཏེར་ཁ་སྔོག་འདོན་བྱེད་ཀྱི་ཡོད་འདུག་པ་དང་ད་བར་མི་གྲངས་༧༤ཙམ་གར་སོང་ཆ་མེད་དུ་སོང་ཡོད་འདུག
གནས་ཚུལ་དེ་གཟའ་པ་སངས་ཉིན་ལྦུ་ལོང་རྫང་གི་ཇི་ལྦཡེ་ཞེས་པ་རི་ཁུལ་གྱི་ས་གནས་དེར་བྱུང་ཡོད་འདུག་པ་དང་རི་ཞིག་སྟེ་འདམ་ཉོག་དང་བྲག་རྡོ་ཊོན་ས་ཡ་གསུམ་དང་ཕྱེད་ཀ་ཙམ་ཉེར་བའི་འོག་སྡོད་ཁྱིམ་དང་གཏེར་ཁ་སྔོག་འདོན་ལས་ཁང་ལ་སོགས་པ་མང་པོ་ཞིག་མཐོང་རྒྱུ་མེད་པར་སའི་འོག་བརྡིབས་ཡོད་འདུག
དོན་རྐྱེན་དེ་བྱུང་བའི་སྐབས་གཏེར་ལས་པ་མི་ཉི་ཤུ་རྩ་བདུན་ཙམ་ཡོད་པར་བརྗོད་བཞིན་ཡོད་པ་དང་ཁོང་ཚོ་སོན་འཚོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་འདུག རྒྱ་ནག་ནང་གི་གཏེར་ཁ་སྔོག་འདོན་གྱི་ལས་མིའི་སྲུང་སྐྱོབ་ནི་ཧ་ཅང་ཚད་དམའ་པོ་ཞིག་ཡིན་པ་དང་སྔ་ལོའི་ནང་སྲོལ་རླངས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རིགས་གཅིག་པུའི་ཐོག་ནས་གོད་ཆགས་འདྲ་མིན་བྱུང་བའི་འོག་མི་གྲངས་སུམ་སྟོང་ཉི་བརྒྱ་ཙམ་འདས་གྲོངས་སུ་ཕྱིན་ཡོད་ལུགས་གཞུང་འབྲེལ་གྱི་ཐོག་ནས་གསལ་བསྒྲགས་བྱས་ཡོད་པ་རེད། འོན་ཀྱང་གནད་དོན་དབྱེ་ཞིབ་པ་ཚོས་གོད་ཆགས་ཀྱི་གནས་ཚུལ་མང་དག་ཞིག་ཕྱིར་བསྒྲགས་བྱེད་ཀྱི་མེད་སྟབས་དངོས་ཡོད་ཀྱི་གྲངས་འབོར་དེ་ལས་ཆེ་བ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད༎