རྒྱ་ནག་ནང་བྱུང་བའི་ས་ཡོམ་འོག་གོད་ཆགས་ཤུགས་ཆེ་བྱུང་ཡོད་པ།
2008.05.14
༄༅༎རྒྱ་ནག་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་གྱི་དོན་རྐྱེན་འོག་ད་ལྟ་བར་ཤི་བ་དང་རྨས་པ་ གར་སོང་ཆ་མེད་དུ་གྱུར་བ་ ས་འོག་ཏུ་ལུས་སྡད་པ་སོགས་ཁྱོན་མི་གྲངས་༥༠༠༠༠ཙམ་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག
རྒྱ་ནག་ནང་ས་ཡོམ་བྱུང་སའི་ས་ཁུལ་དུ་ད་ཆ་མྱུར་སྐྱོབ་ངལ་སེལ་གྱི་ལས་དོན་སྤེལ་བཞིན་པའི་ནང་གྲོང་སྡེ་ཁག་སོ་སོའི་ནང་བསྐྱོད་སྟེ་གཏོར་བརླག་ཕྱིན་པའི་ས་ཁང་འོག་ཏུ་གསོན་པོར་གནས་པའི་མི་སྣ་ཚོ་མྱུར་སྐྱོབ་གནང་བཞིན་པ་དང་རྐྱེན་འདས་སུ་ཕྱིན་པའི་མི་སྣའི་སྐུ་ཕུང་ས་སྦས་བཏང་བའི་ཐོག་མཁའ་ཐོག་ནས་གནམ་གྲུ་དང་ཐད་འཕུར་གནམ་གྲུ་སོགས་བཏང་སྟེ་ས་ཡོམ་འོག་གོད་ཆགས་ཕོག་པའི་མི་སྣ་ཚོར་བཟའ་རིགས་སོགས་མཁོ་སྤྲོད་གནང་བཞིན་ཡོད་པ་རེད་
ཡང་ཟི་ཁྲོན་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ལིའི་གྲན་ཡོན་ཡིས་ས་གནས་གསར་འགྱུར་བརྒྱུད་ལམ་ཁང་དུ་འགྲེལ་བརྗོད་གནང་བར་གཞིགས་ན་ དེ་རིང་རེས་གཟའ་ལྷག་པའི་ཉིན་རྒྱབ་ཙམ་དུ་ས་ཡོམ་བྱུང་སའི་ས་ཁུལ་དེའི་ནང་མི་མང་གྲངས་༡༤ལྷག་རྐྱེན་ལམ་དུ་གྱུར་ཡོད་ལུགས་ར་སྤྲོད་གནང་ཡོད་པ་རེད་ ཡང་ཁོང་གིས་མུ་མཐུད་གསུངས་ན་ ད་བར་མི་མང་གྲངས་༢༦༠༠༠ཙམ་ས་གནས་སུ་ས་འོག་ཏུ་ལུས་པ་དང་མི་གྲངས་༡༥༠༠༠མི་ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་ལུགས་གསུངས་འདུག་
གང་ལྟར་ད་རེས་རྒྱ་ནག་ལྷོ་ནུབ་ཟི་ཁྲོན་ཞིང་ཆེན་ནང་བྱུང་བའི་ས་ཡོམ་ཤུགས་ཚད་༧ཚགས་༨ཡིས་གོད་ཆགས་འོག་ཡུལ་དེའི་ནང་གོད་ཆགས་ཤུགས་ཆེ་བྱུང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་བཞག