མཚོ་ནུབ་ཐེམ་ཆེན་རྫོང་ཁུལ་དུ་དམ་དྲག་ཆེན་པོ་བྱེད་མུས།

ཟླ་༢པའི་ནང་བོད་མི་ཞིག་གིས་རང་ལུས་ཞུགས་འབུལ་གནང་ཏེ་འདས་གྲོངས་སུ་གྱུར་རྗེས་ཐེམ་ཆེན་རྫོང་ཁུལ་དུ་དམ་དྲག་ཆེན་པོ་བྱེད་མུས།

2012.06.08

༄༅༎མཆོ་སྔོན་ཞིང་ཆེན་གྱི་ཁྱབ་ཁོངས་མཚོ་ནུབ་ཐེམ་ཆེན་རྫོང་ བོང་སྟག་དགོན་པའི་དགེ་འདུན་པ་ དམ་ཆོས་བཟང་པོ་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡༧ ཉིན་རང་ལུས་ཞུགས་འབུལ་གནང་ཏེ་འདས་གྲོངས་སུ་གྱུར་བའི་རྗེས། རྒྱ་ནག་གཞུང་གིས་ཁུལ་དེར་དམ་དྲག་ཆེན་པོ་བྱེད་མུས་ཡིན་འདུག་པ་དང༌། ཡང་སྐབས་དེར་ བོང་སྟག་དགོན་པའི་དགེ་རྒན་ བོང་སྟག་མཁས་གྲུབ་རྒྱ་མཚོ་དང༌། དགེ་རྒན་སངས་རྒྱས། དགེ་འདུན་པ་དཀོན་མཆོག་དར་རྒྱས་དང༌། ལྐལ་བཟང་བྱང་སེམས། དམ་ཆོས་ཚུལ་ཁྲིམས། འཇམ་དབྱངས་འོད་ཟེར། གྲགས་པ། དཀོན་མཆོག་རྒྱ་མཚོ། ཤེས་རབ་བཟང་པོ་བཅས་འཛིན་བཟུང་བྱས་ཡོད་པའི་ཁོངས་ནས། དཀོན་མཆོག་རྒྱ་མཚོ་དང་ཤེས་རབ་བཟང་པོ་གཉིས་ལ་ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ དཀོན་མཆོག་རྒྱ་མཚོ་ ན་སྒོར་མོའི་བཙོན་ཁང་དང༌། ཤེས་རབ་བཟང་པོ་ གཏེར་ལེན་ཁའི་བཙོན་ཁང་ནང་བཅུག་ཡོད་སྐོར་དང༌།  ཡང་འདི་ལོའི་ཕྱི་ཟླ་ ༥ པའི་ཚེས་ ༢༩ ཉིན་མཚོ་ནུབ་ཁུལ་དུ་ བོང་སྟག་མཁས་གྲུབ་སོགས་བོད་མི་བདུན་ཁྲིམས་ཐག་གཅོད་རྒྱུའི་འདུ་འཛོམས་ཤིག་གོ་སྒྲིག་བྱས་པའི་སྐབས་ བོང་སྟག་མཁས་གྲུབ་ཀྱིས་ ནག་ཉེས་གང་ཡང་མེད་བཞིན་དུ་ཁྱེད་ཚོས་ང་ཚོ་ཉིན་གྲངས་བརྒྱ་ལྷག་ཙམ་བཙོན་འཇུག་བྱས་པ་རེད། ད་ནས་བཟུང་ཉིན་གཅིག་གི་ཁྲིམས་གཅོད་ཡང་འཁུར་རྒྱུ་མིན་ཅེས་སོགས་བཤད་པར་བརྟེན། ཚོགས་ར་དེར་ཡོད་པའི་མང་ཚོགས་དང་ལས་བྱེད་ཡོངས་རྫོགས་ཧ་ལས་ནས་སྐད་ཆ་གང་ཡང་ཤོད་མ་ཐུབ་པར་ ཚོགས་འདུ་གྲོལ་གྲོལ་ཡོད་པ་ནི། ཁུལ་དེར་ཡོད་པའི་རྒྱ་གཞུང་གི་ལས་བྱེད་ཚོས་ རང་སྣང་གང་དྲན་གྱི་ཐོག་ནས་ ས་གནས་བོད་མི་ཚོའི་ཐོག་ཉེས་མེད་ཉེས་འཛུགས་དང་ཁྲིམས་གཅོད་བྱེད་ཀྱི་ཡོད་པའི་མཚོན་རྟགས་གསལ་པོ་ཞིག་ཡིན་པ་ ས་གནས་བོད་མི་ཚོས་ངོས་འཛིན་བྱེད་ཀྱི་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎