དོན་གཅོད་མཆོག་གིས་རྒྱ་ནག་སྤྱི་དམངས་སྟོབས་ཤུཊ་ཚོཊ་མི་དང་མཇལ་མོལ།
2016.12.06

ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལཊ་ཀྱིས་རྒྱ་ནག་སྤྱི་དམངས་སྟོབས་ཤུཊ་ཟེར་བའི་སྒྲིག་འཛུཊ་ཀྱི་ཚོཊ་མི་དང་མཇལ་མོལ་གནང་བ།
དེ་ཡང་ཟླ་བ་འདིའི་ཚེས་༢་ཉིན་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱེད་པའི་བྱང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས། རྒྱ་ནག་སྤྱི་དམངས་སྟོབས་ཤུགས་ཟེར་བའི་སྒྲིག་འཛུགས་ཀྱི་ཚོགས་མི་རྣམ་པའི་ལྷན་དུ་མཇལ་འཕྲད་ཀྱིས་བོད་ཀྱི་ད་ལྟའི་གནས་སྟངས་ངོ་སྤྲོད་དང་མ་འོངས་བར་ལས་དོན་མཉམ་རུབ་སྤེལ་ཕྱོགས་བཅས་ཀྱི་སྐོར་བཀའ་བསྡུར་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བའི་ནང༌། གོང་ཞུས་མཇལ་འཕྲད་དེའི་སྐབས་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་དང༌། དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས། དེ་བཞིན་རྒྱ་ནག་སྤྱི་དམངས་སྟོབས་ཤུགས་ཀྱི་ཚོགས་གཙོ་Yang Jianli་དང་། ཚོགས་པ་དེའི་ཚོགས་མིའི་ཁོངས་སུ་ཡོད་པའི་རྒྱ་རིགས་མཁས་པ་དང༌། རྩོམ་བྲིས་པ། གསར་འགོད་པ། ཁྲིམས་རྩོད་པ། རྒྱུན་རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་བཅས་པའི་མཉམ་ཞུགས་གནང་ཡོད་པ་དང༌། སྐབས་དེར་སྐུ་ཚབ་དོན་གཅོད་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང༌། བོད་མིའི་ངོ་བོ་དང་ཡུལ་གོམས་གཤིས་ལུགས་བཅས་པ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པའི་སྐོར་དང༌། ལྷག་པར་དུ་དེང་སྐབས་བླ་རུང་ནང་བསྟན་སློབ་གླིང་གི་གྲ་ཤག་གཏོར་བཤིག་གཏོང་བཞིན་པ་དང་དེའི་དམིགས་ཡུལ་ཇི་ཡིན་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་པ་དང༌། ཡང་རྒྱ་ནག་སྤྱི་དམངས་སྟོབས་ཤུགས་ཀྱི་ཚོགས་གཙོ་Yang Jianli་ཡིས། ཁོང་གིས་བཙུགས་པའི་ཚོགས་པ་དེ་ཡིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་མ་ཟད། ཕྱིན་ཆད་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་ཚོགས་པ་དེ་མཉམ་རུབ་ཀྱི་ལས་དོན་སྤེལ་ཕྱོགས་བཅས་པའི་སྐོར་གཏམ་བཤད་གནང་ཡོད་འདུག
སྐུ་ཞབས་Yang Jianli་ཡིས་སྣེ་ཁྲིད་གནང་བའི་རྒྱ་ནག་སྤྱི་དམངས་སྟོབས་ཤུགས་ཟེར་བའི་ཚོགས་པ་དེ་ཡིས་རྒྱ་ནག་ནང་དམངས་གཙོའི་ལམ་སྲོལ་དར་སྤེལ་གཏོང་ཐབས་ཀྱི་ལས་འགུལ་སྤེལ་གྱི་ཡོད་འདུག།
གསར་འགོད་པ་ངག་དབང་ཆོས་འཕེལ།