ཨཕ་ག་ནིསི་ཏན་ནང་སྲུང་སྐྱོབ་ཀྱི་གནས་སྟངས་ཇེ་སྡུག་ཏུ་སོང་བ།
2010.12.27
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསང་བའི་ཡིག་ཆའི་ནང་ཨཕ་ག་ནི་སི་ཏན་ནང་སྲུང་སྐྱོབ་ཀྱི་གནས་སྟངས་དེ་ཇི་སྡུག་ཏུ་སོང་ཡོད་པ་ཨ་རིའི་ལྦོལ་སི་རིཏ་ཇར་ནལ་Wall
Street Journalཞེས་པའི་གསར་ཤོག་གིས་གནས་ཚུལ་བཏོན་ཡོད་པ་རེད་
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨཕ་ག་ནི་སི་ཏན་ནང་གི་སྲུང་སྐྱོབ་ཀྱི་གནས་སྟངས་སྐོར་ས་ཀྲ་གཉིས་བཏོན་གནང་བའི་ནང་ས་ཁྲ་གཅིག་འདི་ལོའི་ཕྱི་ཟླ་༣པ་དང་ས་ཁྲ་གཞན་དེ་འདི་ལོའི་ཕྱི་ཟླ་༡༠པའི་ནང་བཏོན་གནང་བའི་ནང་སྲུང་སྐྱོབ་ཀྱི་གནས་སྟངས་དེ་ཇེ་ཞན་ཇེ་སྡུག་ཏུ་སོང་བ་གསལ་ཐོན་བྱུང་ཡོད་ཅིང་ དེ་ཡང་ཡུལ་དེའི་སྲུང་སྐྱོབ་ཀྱི་གནས་སྟངས་དེ་ཡུལ་གྱི་བྱང་ཕྱོགས་དང་ཤར་ཕྱོགས་ས་ཁུལ་ནང་ཇི་སྡུག་ཏུ་སོང་བ་གཟིགས་ཡོད་པ་རེད་
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨཕ་ག་ནི་སི་ཏན་ལས་ཁུངས་ནང་ཕྱག་ལས་གནང་མཁན་སྐུ་ཞབས་ཀི་རེན་དྲ་ཡར་ཡིས་གོང་ཞུས་ཀྱི་སྙན་ཐོ་དེ་གཟིགས་མེད་ཀྱང་ཨཕ་ག་ནི་སི་ཏན་ནང་གི་སྲུང་སྐྱོབ་ཀྱི་གནས་སྟངས་དེ་སྡུག་ཏུ་སོང་བ་ངོས་ལེན་གནང་ཡོད་པ་རེད་ ཁོང་གིས་ཕྱི་ལོ་༢༠༡༠ལོའི་ནང་ཨཕ་ག་ནི་སི་ཏན་གྱི་ས་ཁུལ་ཁག་ཅིག་ནང་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་རྒྱུ་དཀའ་བའི་རང་བཞིན་ཞིག་ཆགས་ཡོད་སྐོར་དང་དེའི་ཁོངས་མི་ཆོས་རིང་ལུགས་ཀྱི་ལས་དོན་སྤེལ་རྒྱུ་དང་གཞུང་གི་ལས་བྱེད་པར་མི་མང་གི་བདེ་དོན་གྱི་ལས་དོན་ཁག་སྤེལ་རྒྱུར་དཀའ་བའི་རང་བཞིན་ཞིག་ཆགས་ཡོད་པ་རེད་ཅེས་གསུངས་འདུག
ཡང་ཁོང་གིས་ཡུལ་གྱི་ས་ཁུལ་ཁག་ཅིག་ནང་འཐབ་འཛིང་གི་གནས་ཚུལ་ཇི་མང་དུ་འགྲོ་ཞོར་དུ་དེ་སྔ་ངོ་རྒོལ་བྱེད་མཁན་མེད་པའི་རྗོང་ཁག་ནང་ངོ་རྒོལ་གྱི་གནས་ཚུལ་ཡང་མང་དག་ཡོང་གི་ཡོད་སྐོར་གསུངས་འདུག ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཏོན་གནང་བའི་སྙན་ཐོ་དེའི་ནང་ཨ་མི་རི་ཀའི་འགོ་འཁྲིད་པའི་དྲག་པོའི་དཔུང་དམག་གིས་ཨཕ་ག་ནི་སི་ཏན་གྱི་ལྷོ་ཕྱོགས་ཀན་རྡ་ཧར་མངའ་ཁུལ་ནང་དྲག་པོའི་ལས་དོན་མང་དག་ཅིག་སྤེལ་ཡང་མངའ་ཁུལ་དེའི་སྲུང་སྐྱོབ་ཀྱི་གནས་སྟངས་ཐོག་ཧ་ལམ་འགྱུར་བ་གང་ཡང་ཕྱིན་མེད་པ་གཟིགས་ཡོད་པ་རེད་