<<བོར་ཟིན་པའི་ཁམས་པའི་སྐྱ་དམག་>>ལ་ཞིབ་བཤེར།


2015.02.27
བོར་ཟིན་པའི་ཁམས་པའི་སྐྱ་དམག་ཅེས་པའི་རྩོམ་ཡིག་དེར་ཞིབ་བཤེར་བྱེད་བཞིན་པ། བོད་ནང་གི་རྩོམ་པ་པོ་བསམ་གཏན་ཚེ་རིང་ལགས།
བསམ་གཏན་ཚེ་རིང་།

བོད་ནང་གི་རྩོམ་པ་པོ་བསམ་གཏན་ཚེ་རིང་ལགས་ཀྱི་བརྩམས་ཆོས་<<བོར་ཟིན་པའི་ཁམས་པའི་སྐྱ་དམག་>>ལ་ཞིབ་བཤེར་བྱེད་བཞིན་པ་རེད།
བོད་ནང་གི་རྩོམ་པ་པོ་བསམ་གཏན་ཚེ་རིང་ལགས་ཀྱིས་འབྲེལ་ཡོད་གཞུང་གི་ལས་ཁུངས་ཀྱི་བཀའ་ཁྲོལ་མེད་པར་ རང་རྩོམ་ཞིག་དཔར་བསྐྲུན་བྱ་རྩིས་བྱས་པར་བརྟེན་ མཚོ་སྔོན་ཆོས་ལུགས་ལྷན་ཁང་ནས་ཁོང་ལ་ཞིབ་འཇུག་བྱེད་བཞིན་ཡོད་པའི་སྐོར་གནས་ཚུལ་འདུག་༎
དེ་ཡང་འདི་གའི་གསར་འགོད་པ་ཚེ་རིང་དོན་གྲུབ་ལགས་ཀྱིས་གནས་ཚུལ་བཏང་དོན། མཚོ་སྔོན་ཁུལ་གྱི་རྩོམ་པ་པོ་བསམ་གཏན་ཚེ་རིང་ལགས་ཀྱི་བརྩམས་ཆོས་<<བོར་ཟིན་པའི་ཁམས་པའི་སྐྱ་དམག་>>ཞེས་རྒྱ་ཡིག་གི་ཡིག་འབྲུ་ཁྲི་ཚོ་༣༧ཙམ་ཡོད་པའི་དཔེ་དེབ་དཔར་བསྐྲུན་བྱེད་ལ་ཉེ་བའི་སྐབས་མཚོ་སྔོན་ཆོས་ལུགས་ལྷན་ཁང་གིས་བཀའ་ཁྲོལ་མེད་པར་དཔར་བསྐྲུན་བྱེད་མི་ཆོག་པའི་འགྲེལ་བརྗོད་བྱས་པ་དང་མཉམ་ ཞིབ་བཤེར་བྱེད་བཞིན་པ་རེད་འདུག
<<བོར་ཟིན་པའི་ཁམས་པའི་སྐྱ་དམག་>>ཞེས་བའི་རྩོམ་དེབ་སྐོར་རྩོམ་པ་པོ་བསམ་གཏན་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་དོན། རང་རྩོམ་དེའི་ནང་བླ་མ་ཞིག་གི་ལུང་བསྟན་ལྟར་ཁམས་ཀྱི་སྐྱ་དམག་གསུམ་སྟོང་སྐོར་ཞིག་ཤར་ཏུར་ཀི་སི་ཐན་ཕྱོགས་སུ་བསྐྱོད་པ་དང་། སྐྱ་དམག་དེ་དག་མཐར་ལོ་ངོ་ལྔ་བཅུ་དྲུག་བཅུའི་རྗེས་སུ་རང་གི་ཕ་ཡུལ་དུ་ཕྱིར་ལོག་བྱུང་བའི་སྒྲུང་གཏམ་གཞིར་བཟུང་སྟེ། ཁམས་པའི་སྐྱ་དམག་དང་ཁ་ཆེ་བའི་དབར་གྱི་དམག་འཁྲུག་དང་། དེ་བཞིན་ཁམས་པའི་སྐྱ་དམག་དང་རྒྱ་ནག་བཅིངས་གྲོལ་དམག་མི་བར་གྱི་དམག་འཁྲུག་སོགས་ཀྱི་གཏམ་བརྒྱུད་གསལ་བ་དང་། ཡང་བོད་དུ་དར་བའི་ནང་ཆོས་དང་བོན་པོའི་ཆོས་ལུགས། ཤར་ཏུར་ཀི་སི་ནང་དར་བའི་ཁ་ཆེའི་ཆོས་ལུགས་སོགས་ཆོས་ལུགས་འདྲ་མིན་གྱི་ལྟ་གྲུབ་དང་། གཞན་ཡང་རྒྱ་རིགས་དང་། བོད་པ། ཁ་ཆེ་བ་སོགས་མི་རིགས་མི་འདྲ་བའི་འཇིག་རྟེན་ལྟ་གྲུབ། དེ་བཞིན་སྲོལ་རྒྱུན་འདུ་ཤེས་དང་ཡུལ་སྲོལ་གོམ་གཤིས་སོགས་ཆོས་དང་རིག་གཞུང་གི་ཐད་ནས་ཁྱད་པར་ཇི་ཡོད་འབུར་འདོན་བྱས་ཡོད་པ་འགྲེལ་བརྗོད་གནང་འདུག
གོང་གསལ་བོད་ནང་གི་རྒྱ་ཡིག་ཐོག་རྩོམ་བྲིས་སྤེལ་མཁན་རྩོམ་པ་པོ་བསམ་གཏན་ཚེ་རིང་ལགས་ནི། རྒྱལ་ཁབ་རིམ་པའི་རྩོམ་པ་པོ་དང་། ཀྲུང་གོ་རྩོམ་པ་པོའི་ལྷན་ཚོགས་ཞེས་པའི་ཚོགས་མི། མཚོ་སྔོན་ཞིང་ཆེན་མི་རིགས་རིག་གནས་དང་རྩོམ་རིག་ཆེས་ལས་མཁས་པ། མཚོ་ནུབ་ཁུལ་རྩོམ་བྲིས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཀྲུང་ཧ་མི་མང་གསར་འགྱུར་དཔར་བསྐྲུན་ཁང་ཞེས་པའི་ནང་ཕྱགས་ལས་གནང་ཞིང་འདས་པའི་ལོ་མང་རིང་རྒྱ་ཡིག་ཐོག་དེབ་བཅུ་གྲངས་ལྷག་རྩོམ་བྲིས་དཔར་བསྐྲུན་གནང་ཡོད་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།
ཞིབ་ཕྲ་འདི་གའི་གསར་འགོད་པ་ཚེ་རིང་དོན་གྲུབ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎