ཧྥ་རན་སིའི་གྲོས་ཚོཊ་ཀྱི་བོད་དོན་རྒྱབ་སྐྱོར་ཚོཊ་པའི་སྐོར་བཀའ་བསྡུར།


2017.07.21
ཧྥ་རན་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་མ་འོངས་གནང་སྟངས་སྐོར་ལ་བཀའ་བསྡུར་གནང་སྐབས། ༢༠༡༧།༧ ཧྥ་རན་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་མ་འོངས་གནང་སྟངས་སྐོར་ལ་བཀའ་བསྡུར་གནང་སྐབས། ༢༠༡༧།༧
tibet.net

ཧྥ་རན་སིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཞོན་(Charles de Courson)་མཆོག་དང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཞིག་གིས་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་དང་དྲུང་ཆེ་རྣམ་རྒྱལ་བསམ་གྲུབ་ལགས་རྣམ་པ་གཉིས་རྒྱལ་ཡོངས་གྲོས་ཚོགས་མགྲོན་འབོད་གནང་སྟེ། གསོལ་ཚིགས་ལྷན་བཞེས་ཐོག་ཧྥ་རན་སིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་མ་འོངས་གནང་སྟངས་སོགས་ཀྱི་སྐོར་བཀའ་བསྡུར་གནང་འདུག
ཁོང་རྣམས་ཀྱིས་བཀའ་བསྡུར་གནང་བའི་གྲོས་གཞི་གཙོ་བོ་ནི། འགྱུར་བ་ཆེན་པོ་འགྲོ་བཞིན་པའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁོར་ཡུག་ནང་བོད་ཀྱི་གནད་དོན་དང་། ཡོ་རོབ་ནང་ལ་ཡང་ཆབ་
སྲིད་འཕོ་འགྱུར་ཤུགས་ཆེ་འགྲོ་བཞིན་པ་སྤྱི་དང་ལྷག་དོན་དུ་ཧྥ་རན་སིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་མུ་འཐུད་གནས་དགོས་པ་ནི་གལ་འགངས་ཆེན་པོ་ཆགས་ཡོད་པ་སོགས་ཀྱི་ཐད་ཡིན་འདུག
ཧྥ་རན་སིའི་སྲིད་འཛིན་འོས་བསྡུ་གནང་བའི་རྗེས་སུ་(Macron)་མཆོག་ཧྥ་རན་སིའི་སྲིད་འཛིན་ལ་འོས་འདེམས་བྱུང་བ་དེས་ཧྥ་རན་སི་ཙམ་མ་ཟད། ཡོ་རོབ་ཡོངས་ལ་ཆབ་སྲིད་ཀྱི་དུས་རབས་གསར་པ་ཞིག་ཤར་བ་དང་ཡང་དེའི་རྗེས་སུ། ཧྥ་ཕ་རན་སིའི་གྲོས་ཚོགས་འཐུས་མི་འོས་བསྡུ་བྱས་པར་སྲིད་འཛིན་(Macron)ཡི་སྲིད་དོན་ཚོགས་པ་གསར་པར་གྲངས་མང་རྒྱལ་ཁ་ཐོབ་པའི་རྒྱུ་མཚན་ལ་བརྟེན་ནས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་མང་པོ་ཞིག་ཡང་བསྐྱར་གྲོས་ཚོགས་ལ་འོས་འདེམས་བྱུང་མེད་པ་རེད། དེས་ན་ཧྥ་རན་སིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ཚོགས་མི་གསར་པ་སླེབས་ཐབས་སུ་འབད་བརྩོན་གནང་དགོས་ལུགས་ཐད་བཀའ་བསྡུར་བྱུང་འདུག་ལ། ཚོགས་འདུ་དེ་བཞིན་ཧྥ་རན་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་(Jeremy་Calohard)མཆོག་གིས་གཙོ་སྐྱོང་གནང་ཞིང་།
ཁོང་ནི་རང་དབང་སྲུང་སྐྱོབ་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་དང་། སྲིད་འཛིན་(Macron)ཡི་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་མཉམ་བཞུགས་གནང་རྒྱུའི་ཚོར་བ་ཡོད་སྐོར་དང་། བོད་ཀྱི་ཆོས་དང་རིག་གཞུང་གཏོར་བཤིག་ཕྱིན་པ་ཡིན་ན་དེ་ནི་འཛམ་གླིང་ལ་གྱོང་གུན་ཆེན་པོ་ཕོག་རྒྱུའི་དགོངས་ཚུལ་འཛིན་མཁན་ཞིག་ཡིན་སྟབས་བོད་ཀྱི་ཆོས་དང་རིག་གཞུང་བཅས་པ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་གནང་རྒྱུ་གནད་འགག་ཆེན་པོ་ཡིན་སྐོར་གསུངས་ཡོད་གསུངས་འདུག

གསར་འགོད་པ་བསོད་ནམས་ལྷ་མོ། འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎