ས་ཡོམ་གྱི་གནོད་ཐེབས་འཛུཊ་བསྐྲུན་ལས་ཁང་གསར་འཛུཊ།
2015.08.14
བལ་ཡུལ་གཞུང་གིས་བལ་ཡུལ་ནང་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་འཛུགས་བསྐྲུན་ལས་འཆར་ལས་ཁང་ཞེས་བ་གསར་འཛུགས་བྱས་བ
དེ་ཡང་བལ་ཡུལ་གྱི་གཞུང་འབྲེལ་སྲིད་བློན་གྱི་མགྲིན་ཚབ་པས། ད་ཕན་བལ་ཡུལ་ནང་ས་ཡོམ་ཤུགས་ཆེ་རྒྱབ་ནས་གོད་ཆག་ཅི་ཆེ་བཟོས་ཡོད་པ་དེ་ཚོའི་སླར་གསོའི་ལས་དོན་སྒོ་ཚུགས་བྱས་ཏེ་དུས་ཡུན་ཟླ་བ་བཞི་ལྷག་འགྲོ་བཞིན་པའི་སྐབས་འདིར། ད་ཆ་བལ་ཡུལ་གཞུང་གིས་འཛུགས་བསྐྲུན་སླར་གསོའི་ལས་དོན་དེ་ཚོ་མྱུར་མགྱོགས་དང་། བདེ་ལག་ངང་སྤེལ་ཐུབ་རྒྱུའི་ཆེད་དུ་དམིགས་བསལ་གྱི་གཞུང་འབྲེལ་ལས་ཁང་ཞིག་ཆེད་བཙུགས་གནང་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་དང་། དེ་བཞིན་ད་ཕན་ས་ཡོམ་གོད་ཆག་གི་འཛུགས་བསྐྲུན་སླར་གསོའི་ལས་དོན་ཐད་ས་གནས་ཁག་གི་ཐོག་ལས་དོན་དེ་ཚོ་འགག་རྐྱེན་ཡོང་གཞི་དང་། དུས་ཚོད་མང་པོ་འགོར་གྱི་ཡོད་པ་དེ་ཚོའི་དཀའ་ངལ་སེལ་ཆེད། ད་ཆ་གཞུང་འབྲེལ་ཚོགས་པ་གསར་བཙུགས་བྱས་པ་དེ་བརྒྱུད་དེ། ས་ཡོམ་སླར་གསོའི་དགོས་དངུལ་ཨ་སྒོར་ཐེར་འབུམ་༦དང་དུང་ཕྱུར་༧་ཙམ་ལྷན་ཁང་གསར་པ་དེ་བརྒྱུད་དེ་ལས་དོན་དེ་ཚོ་བཏབ་སར་སྨིན་པ་ཞིག་བཟོ་རྒྱུའི་འཆར་གཞི་ཡོད་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད།
བལ་ཡུལ་གྱི་ས་ཡོམ་གོད་ཆག་གི་གནོད་ཐེབས་ས་ཁུལ་འཛུགས་བསྐྲུན་སླར་གསོའི་འཆར་གཞི་ལྷན་ཁང་གསར་པ་དེའི་འགོ་ཁྲིད་Govind Raj Pokharalཞུ་བ་ཁོང་ལ་བསྐོ་བཞག་གནང་ཡོད་ལུགས་དང། དེ་བཞིན་ད་ཕན་བལ་ཡུལ་ནང་འཛུགས་བསྐྲུན་སླར་གསོའི་ལས་དོན་འཆར་གཞི་དེ་ཚོ་ས་གནས་གཞུང་འབྲེལ་གྱི་ཁྲིམས་ལུགས་བརྒྱུད་དེ་ལས་དོན་ཁག་སྤེལ་དགོས་དུས་ཀ་ཀོར་གྱི་གནས་སྟངས་ཤིག་འཕྲད་ཀྱི་ཡོད་པ་དེ་ཚོ་ལར་ནས་མི་དགོས་པར་དམིགས་བསལ་ལྷན་ཁང་གསར་པ་དེ་བརྒྱུད་དེ་ལས་དོན་དེ་ཚོ་ཚུགས་ཚུད་ཡོང་གི་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད།
གསར་འགོད་པ་ཕྲེང་རིང་བསྟན་ནོར།