ཐའེ་ལྦན་དུ་རྒྱ་ནག་གི་སྐུ་ཚབ་ལ་ངོ་རྒོལ།

རྒྱ་ནག་གི་སྐུ་ཚབ་གནས་སྡོད་བྱེད་སའི་མགྲོན་ཁང་གི་མདུན་ཐའེ་ལྦན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་གིས་ངོ་རྒོལ་སྐད་འབོད།

2010.12.22

༄༅༎རྒྱ་ནག་དང་ཐའེ་ལྦན་དབར་འབྲེལ་བ་བྱེད་མཁན་གྱི་སྐུ་ཚབ་རྒྱ་ནག་གི་དཔོན་རིགས་གྲན་ཡུན་ལིང་དུས་ཡུན་ཉིན་གྲངས་གསུམ་རིང་ཐའེ་ལྦན་ནང་འཚམས་གཟིགས་སུ་ཕེབས་ནས་དེ་རིང་གཟའ་ལྷག་པའི་ཉིན་ཁོང་གནས་སྡོད་བྱེད་སའི་མགྲོན་ཁང་གི་མདུན་ཐའེ་ལྦན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་གིས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་ ངོ་རྒོལ་བ་ཚོས་ལག་ཏུ་ཐའེ་ལྦན་གྱི་རྒྱལ་དར་སོགས་འཁྱེར་ནས་  ཐའེ་ལྦན་དང་རྒྱ་ནག་དབར་ཚོང་དོན་ཆིངས་ཡིག་འཇོག་རྒྱུ་སོགས་ལ་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་པ་རེད་

རྒྱ་ནག་གི་དཔོན་རིགས་གྲན་ཡུན་ལིང་དང་ཐའེ་ལྦན་གྱི་རྒྱ་ནག་དང་འབྲེལ་འཐུད་བྱེད་མཁན་གྱི་སྐུ་ཚབ་གྲང་ཕན་ཁུང་རྣམ་གཉིས་དབར་གཟའ་མིག་དམར་ཉིན་གྲོས་མོལ་བྱས་པ་བརྒྱུད་ཕྱོགས་གཉིས་དབར་སྨན་བཅོས་ཀྱི་གཞི་ཡུལ་ཡར་རྒྱས་ལ་མཉམ་རུབ་ཀྱི་ཞིབ་འཇུག་ལས་དོན་བྱ་རྒྱུ་དང་འགོས་ནད་རིགས་སྔོན་འགོག་ལ་མཉམ་ལས་བྱ་རྒྱུ་སོགས་ཀྱི་གྲོས་འཆམ་བྱུང་ཡོད་པ་རེད་ གྲན་ཡུན་ལིང་ཐའེ་ལྦན་ནང་རྒྱ་ནག་དུ་ཕྱིར་ལོག་ཕེབས་འཚམས་སུ་གཏམ་བཤད་སྤེལ་བའི་ནང་རྒྱ་ནག་དང་ཐའེ་ལྦན་དབར་མ་འོངས་གྲོས་མོལ་གྱི་ལམ་བུའི་ཐོག་དཀའ་ངལ་སྣ་ཚོགས་ཕྲད་སྲིད་པ་དང་ ཡིན་ན་ཡང་མཚོ་འགག་གཉིས་དབར་གྱི་ཞི་བའི་ཐོག་ནས་འཕེལ་རྒྱས་གཏོང་རྒྱུའི་ལས་དོན་ཐོག་ཤུགས་རྐྱེན་ཐེབས་མི་སྲིད་པའི་བསམ་ཚུལ་བཤད་ཡོད་པ་རེད་ 

ཐའེ་ལྦན་དང་རྒྱ་ནག་དབར་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་ཐའེ་ལྦན་གྱི་སྲིད་དབང་གོ་མིན་ཏང་ཚོགས་པས་འཛིན་པའི་རྗེས་དཔལ་འབྱོར་དང་ཚོང་དོན་འབྲེལ་ལམ་ཡར་རྒྱས་བཏང་ནས་ཕྱོགས་གཉིས་དབར་ཚོང་དོན་དང་དཔལ་འབྱོར་་རིག་གཞུང་སྨན་བཅོས་སོགས་ཀྱི་ལས་རིམ་ཐོག་མཉམ་ལས་བྱ་རྒྱུའི་གོམ་སྟབས་མཐོ་རུ་ཕྱིན་ཡོད་ཀྱང་། ཐའེ་ལྦན་གྱི་ཕྱོགས་འགལ་ཚོགས་པ་དང་ལྷག་པར་དུ་དེང་སྐབས་ཤེས་ལྡན་མི་སྣ་དང་ གཞོན་སྐྱེས་མང་པོས་ཐའེ་ལྦན་གཞུང་གིས་རྒྱ་ནག་དང་ཐའེ་ལྦན་དབར་ཚོང་འབྲེལ་ཤུགས་ཆེན་པོ་བྱེད་བཞིན་པའི་ཐབས་ལམ་དེས་ཐའེ་ལྦན་གྱི་རང་དབང་ཚོང་དོན་ཁྲོམ་རར་རྒྱ་ནག་གི་སྟངས་འཛིན་བྱེད་སྲིད་པའི་སེམས་འཚབ་བྱེད་ཀྱི་ཡོད་པ་མ་ཟད་ དེ་ལྟར་དུས་ཡུན་རིང་པོ་སོང་ཚེ་ཐའེ་ལྦན་གྱི་བདག་དབང་གནས་སྟངས་ལ་ཡང་གནོད་ཚབས་ཡོང་སྲིད་པའི་སེམས་ཚབས་ཀྱིས་ཐའེ་ལྦན་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་གྱི་རྣམ་འགྱུར་འཛིན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་ལྟར་ད་རེས་རྒྱ་ནག་གི་དཔོན་རིགས་གྲན་ཡུན་ལིང་ཐེ་དབན་ནང་ཉིན་གྲངས་གསུམ་གིང་འཚམས་གཟིགས་གནང་རིང་ས་གནས་གང་དུ་སྐྱོད་ཀྱང་ངོ་རྒོལ་གྱི་རྔམ་སྟོན་བྱེད་མཁན་མཐོང་རྒྱུ་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎