ཉི་ཧོང་དུ་མི་དམངས་ཁག་ནས་ཨ་རིའི་སྲིད་འཛིན་ལ་ངོ་རྒོལ་བྱ་རྒྱུ།

ཨ་རིའི་སྲིད་འཛིན་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་ནང་ཆེད་ཕེབས་གནང་ཡོད་པའི་སྐབས་དེར་མི་དམངས་ཁག་ཅིག་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ།

2009.11.13

༄༅༎ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་ནང་ཆེད་ཕེབས་གནང་ཡོད་པའི་སྐབས་དེར་ཉི་ཧོང་ནང་གི་ཨ་རིའི་དམག་མིའི་རྟེན་གཞི་མེད་པ་བཟོ་རྒྱུའི་ངོ་རྒོལ་དང་རྡུལ་ཕྲན་ནུས་ཤུགས་ཁྱབ་གདལ་དུ་མི་འགྲོ་བ་དང་གནམ་གཤིས་འགྱུར་ལྡོག་འགོག་རྒྱུའི་ཐབས་ལམ་ལག་བསྟར་དགོས་པའི་འབོད་སྐུལ་ཞུ་རྒྱུའི་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་འདུག

ཉི་ཧོང་ནང་རྣམ་ཀུན་ནས་སྲང་ལམ་ཁག་གི་ངོ་རྒོལ་ཕལ་ཆེ་བ་ཞི་བའི་ངོ་རྒོལ་ཡིན་ནའང་ད་ལྟའི་སྐབས་འདིར་ཉི་ཧོང་འཛིན་སྐྱོང་མི་སྣ་ཚོས་རྒྱལ་ས་ཀྲོག་ཡོའི་ནང་བདེ་འཇགས་དང་འབྲེལ་བའི་དཀའ་རྙོག་མི་ཡོང་བའི་སྔོན་འགོག་གི་ཚུལ་དུ་ས་གནས་ལྟེ་བ་ཁག་ལ་ཉེན་རྟོག་དམག་མི་༡༦༠༠༠ལྷག་ཙམ་འགྲེམས་འཇོག་གནང་བཞག

ཁ་སྔོན་རེས་གཟའ་ཉི་མའི་ཉིན་ཉི་ཧོང་ལྷོ་ཕྱོགས་ཀྱི་གླིང་ཕྲན་ཨོ་ཀི་ན་ལྦར་མི་གྲངས་ཁྲི་གཉིས་ལྷག་ཙམ་གྱིས་ངོ་རྒོལ་ཁྲོམ་སྐོར་བྱས་པའི་རྗེས་དེ་རིང་རྒྱལ་ས་ཀྲོག་ཡོའི་ནང་བསྐྱར་དུ་ཉི་ཧོང་ནང་ཨ་རིའི་དམག་མི་རྟེན་གཞི་ཡོད་པར་སྐྱོན་བརྗོད་བྱེད་མཁན་ཚོས་ངོ་རྒོལ་བྱ་རྒྱུའི་འཆར་གཞི་འདུག

འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཧི་རོ་ཤི་མ་དང་ན་ག་ས་ཀི་ཐོག་ཨ་མི་རི་ཀའི་རྡུལ་ཕྲན་འབོམ་གཡུག་ནས་མི་དམངས་འབུམ་འགའ་ཤས་ལ་སྲོག་སྐྱོན་བཏང་བའི་ནང་མི་རྗེས་ཤུལ་ཚོས་ཨ་རིའི་གཞུང་ཚབ་ཁང་བརྒྱུད་སྲིད་འཛིན་ཨོ་སྦ་མ་མཆོག་ལ་རྡུལ་ཕྲན་གོ་མཚོན་མེད་པ་བཟོ་ཐབས་གནང་དགོས་པའི་འབོད་སྐུལ་གྱི་ཞུ་སྙན་འབུལ་རྒྱུ་ཡིན་པ་དང་ཡང་ཁོར་ཡུག་སྲུང་སྐྱོབ་དོན་གཉེར་བ་ཁག་ཅིག་ནས་ཀྱང་ཨ་རིའི་སྲིད་འཛིན་ལ་གནམ་གཤིས་འགྱུར་བའི་དཀའ་ངལ་སེལ་ཐབས་གནང་དགོས་པའི་འབོད་སྐུལ་ཞུ་རྩིས་འདུག

དེ་བཞིན་ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་གིས་ཀྲོག་ཡོའི་ནང་བོད་ལ་རང་དབང་ཆེ་ཙམ་ཐོབ་རྒྱུའི་འབད་བརྩོན་ཨ་རིའི་སྲིད་འཛིན་གྱིས་གནང་དགོས་པའི་སྐད་འབོད་ཀྱང་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎