རྒྱ་གར་དུ་བཅའ་སྡོད་འབར་མའི་གཞུང་ཚབ་མདུན་ངོ་རྒོལ།

རྒྱ་གར་ནང་ཡོད་པའི་འབར་མའི་དྲག་པོའི་གཞུང་དང་ཆབ་སྲིད་ལྟ་སྤྱོད་མི་མཐུན་མཁན་ཚོས་དེ་རིང་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།

2010.03.19

༄༅༎རྒྱ་གར་ནང་ཡོད་པའི་འབར་མའི་དྲག་པོའི་གཞུང་དང་ཆབ་སྲིད་ལྟ་སྤྱོད་མི་མཐུན་མཁན་ཚོས་དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་འབར་མ་གཞུང་ཚབ་ཁང་གི་གྱང་སྟེང་དུ་ཡིག་ཆེན་བྲིས་པ་དང་གྱང་ཐོག་རྩི་དམར་པོ་གཤོས་པ་སོགས་བྱས་པའི་རྐྱེན་གྱིས་མི་གྲངས་ལྔ་ཅུ་ལྷག་ཙམ་ཞིག་རྒྱ་གར་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག

གཟའ་པ་སངས་ཉིན་འབར་མའི་ངོ་རྒོལ་བ་ཚོས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་འདུ་འཛོམས་ཀྱིས་འབར་མ་དྲག་པོའི་གཞུང་གིས་ཕྱི་ལོ་ཉིས་སྟོང་བཅུ་ལོའི་འོས་འདེམས་ཀྱི་ཁྲིམས་ལུགས་གསར་པ་གཏན་འབེབས་བྱས་པར་ངོ་རྒོལ་བྱས་ཡོད་པ་དང་ངོ་རྒོལ་བ་ཚོས་འབར་མའི་དྲག་པོའི་གཞུང་གི་དཔོན་རིགས་མཐོ་གྲས་ཀྱི་དཔར་མེར་བསྲེག་བཏང་བ་དང་འབར་མའི་གཞུང་ཚབ་ཁང་ནང་རྡོ་དང་ཤིང་སོགས་དབྱུག་ནས་འབར་མ་དྲག་པོའི་གཞུང་ལ་ངོ་རྒོལ་བྱས་ཡོད་པར་བརྟེན་རྒྱ་གར་ཉེན་རྟོག་པས་ངོ་རྒོལ་བ་ཚོ་འཇུ་བཟུང་གིས་འགྲུལ་བསྐྱེལ་མོ་ཊའི་ནང་བཅུག་ནས་ ཁྲིད་ཡོད་འདུག་ད་རེས་ཀྱི་ངོ་རྒོལ་ལས་འགུལ་དེ་སྤེལ་མཁན་རྒྱ་གར་ནང་ཡོད་པའི་འབར་མ་དམངས་གཙོའི་ལམ་ལུགས་སུ་བསྐྱོིད་རྒྱུར་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་མཁན་ཚོགས་པའི་མགྲིན་ཚབ་པས་གསུང་ན་ རྒྱ་གར་ཉེན་རྟོག་པས་འབར་མའི་ངོ་རྒོལ་བ་མི་གྲངས་༦༨འཇུ་བཟུང་བྱས་ཡོད་པ་དང་ཡིན་ནའི་ཁོང་ཚོ་གཟའ་པ་སངས་ཀྱི་དགོང་མོ་གློད་བཀྲོལ་ཡོང་རྒྱུ་ཡིན་པ་གསུང་འདུག འབར་མ་དྲག་པོའི་གཞུང་གིས་ཉེ་ཆར་འོས་བསྡུའི་ཁྲིམས་ལུགས་གསར་པ་གཏན་འབེབས་བྱས་ནས་འབར་མའི་གཞུང་གིས་ནག་ཉེས་བཙུགས་མྱོང་ཡོད་པའི་མི་སྣ་ཚོ་ཆབ་སྲིད་འོས་སྡུའི་ནང་ལངས་མི་ཆོག་པ་དང་དེ་བཞིན་མི་དེ་རིགས་ཆབ་སྲིད་ཚོགས་པ་གང་འདྲ་ཞིག་ནང་ལ་ཡང་ཞུགས་མི་ཆོག་པའི་ཁྲིམས་ལུགས་གཏན་འབེབས་བྱས་ཡོད་པར་བརྟེན་ཕྱི་ལོ་ཉིས་སྟོང་བཅུ་ལོའི་འོས་འདེམས་ནང་འབར་མའི་ཕྱོགས་འགལ་དམངས་གཙོ་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སང་སུའུ་ཆི་ཡང་འོས་འདེམས་དེའི་ནང་ཞུགས་རྒྱུའི་རེ་བ་གང་ཡང་མེད་པར་གྱུར་ཡོད་པ་རེད་ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎