ཆིངས་ཡིག་དོན་ཚན་༡༧་ལ་ངོས་ལེན་མེད་པའི་ངོ་རྒོལ།


2016.05.24
སྤྱི་ལོ་༡༩༥༡་ཟླ་བ་༥་ཚེས་༢༣་ཉིན་པེ་ཅིང་དུ་ཆིངས་ཡིག་དོན་ཚན་༡༧་ཟེར་བ་འཇོག་སྐབས། སྤྱི་ལོ་༡༩༥༡་ཟླ་བ་༥་ཚེས་༢༣་ཉིན་པེ་ཅིང་དུ་ཆིངས་ཡིག་དོན་ཚན་༡༧་ཟེར་བ་འཇོག་སྐབས།
པར་ཚགས།

རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་རྒྱལ་ས་སིམ་ལར་བོད་མི་ཚོས། རྒྱ་ནག་གཞུང་གིས་ལོ་ངོ་༦༦་སྔོན་བོད་གཞུང་གི་སྐུ་ཚབ་ཚོར་བཙན་དབང་གི་ཐོག་ནས་ཆིངས་ཡིག་གྲོས་ཆོད་དོན་ཚན་བཅུ་བདུན་ཞེས་པ་དེ་བཞག་ཏུ་བཅུག་པར་དུས་ལྟ་ཡང་ངོས་ལེན་མེད་པའི་རྣམ་འགྱུར་མཚོན་ཆེད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
ད་ཡང་རྒྱ་གར་(ANI)་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༥༡་ལོའི་ཕྱི་ཟླ་༣་ཚེས་༢༣་ཉིན་བོད་པའི་སྐུ་ཚབ་ཚོར་བོད་ཞི་བའི་བཅིངས་འགྲོལ་གཏོང་རྒྱུའི་མིང་གི་ཐོག་ནས། ཞི་བའི་གྲོས་ཆོད་དོན་ཙན་༡༧་ཟེར་བ་དེར་མིང་རྟགས་བཀོད་དུ་བཅུག་ཅིང་། གལ་ཏེ་སྐུ་ཚབ་ཚོས་མིང་རྟགས་མ་བཀོད་ཚེ་ཆབ་མདོར་འབྱོར་ཟིན་པའི་རྒྱ་མིའི་དཔུང་དམག་ལྷ་ས་བར་ཆེད་རྫོངས་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་པ་ལོ་རྒྱུས་ཀྱི་ཡིག་ཆ་ཁག་ཏུ་གསལ་གྱི་ཡོད་པ་རེད།
སིམ་ལར་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་གྱི་ཁོངས་སུ་བོད་མི་བསྟན་འཛིན་རྣམ་གསལ་ཞུ་བ་ཞིག་གིས་ANI་གསར་འགོད་པར། ང་ཚོས་ངོ་རྒོལ་གྱི་ལས་འགུལ་འདི་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ཕྱི་ལོ་༡༩༥༡་ལོར་བཙན་དབང་གི་ཐོག་ནས་བཞག་བཅུག་པའི་དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་ཟེར་བ་དེར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་དང་ཆིངས་ཡིག་དེར་ཁས་ལེན་མེད་པ་མཚོན་ཆེད་ཡིན་ཞེས་བརྗོད་འདུག།
ཡང་ངོ་རྒོལ་བ་བསྟན་འཛིན་དོན་ཡོད་ཞུ་བ་ཞིག་གིས། ང་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཕྱིའི་རྒྱལ་ཁབ་ཁག་གིས་བོད་མི་ཚོར་རྒྱ་མིའི་ལག་འོག་ནས་རང་དབང་འབྱུང་རྒྱུར་རྒྱབ་སྐྱོར་ཡོང་བའི་དགོས་འདུན་འདོན་གྱི་ཡོད་ཅེས་བརྗོད་འདུག།
བོད་མི་དང་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པ་ཚོས་བྲིས་པའི་ཡིག་ཆའི་ནང་། རྒྱ་ནག་གཞུང་གིས་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་དེ་བཞག་པའི་རྗེས། རིམ་པས་བོད་ནང་ཆིངས་ཡིག་གི་འབྲུ་དོན་རྣམས་དང་ཡོངས་སུ་འགལ་འཛོལ་བྱས་པར་བརྟེན། བོད་མི་ཚོས་སྒེར་ལངས་ཀྱི་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་པ་དང་། མཐར་གནས་སྟངས་ཧ་ཅང་ཛ་དྲག་ཞིག་གི་འོག་ཕྱི་ལོ་༡༩༥༩་ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་གང་གི་ཞབས་རྗེས་སུ་བོད་མི་འབུམ་གཅིག་ཙམ་བཙན་བྱོལ་དུ་ཕེབས་དགོས་པའི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎