ཉེན་སྲུང་བས་ཀཤ་མིར་སློབ་ཕྲུག་༡རྐྱེན་ལམ་དུ་བཏང་བར་ངོ་རྒོལ།

རྒྱ་གར་གྱི་དམག་མིས་སློབ་ཕྲུག་ཞིག་རྐྱེན་ལམ་དུ་བཏང་པའི་དོན་རྐྱེན་དང་འབྲེལ་བའི་ཐོག་ནས་ཡུལ་མི་སྟོང་ཕྲག་འགའ་ཤས་ངོ་རྒོལ་བྱས་པ།

2011.02.05

༄༅༎ཉེ་ཆར་རྒྱ་གར་གྱི་དམག་མིས་རྒྱ་གར་བྱང་ཕྱོགས་ཀཤ་མིར་ཁུལ་ལོ་ན་༢༢ལ་སོན་པའི་སློབ་ཕྲུག་ཞིག་རྐྱེན་ལམ་དུ་བཏང་པའི་དོན་རྐྱེན་དང་འབྲེལ་བའི་ཐོག་ནས་ དེ་རིང་གཟའ་སྤེན་པའི་ཉིན་ས་ཁུལ་དེའི་ནང་ཡུལ་མི་སྟོང་ཕྲག་འགའ་ཤས་ངོ་རྒོལ་རྔམ་སྟོན་གཞི་རྒྱ་ཆེ་བ་ཞིག་བྱས་འདུག་པ་དང་ སླར་ཡང་ས་ཁུལ་དེའི་ནང་སྔ་ལོ་བྱུང་བའི་དུས་ཟིངས་དེ་ལྟ་བུ་ཞིག་འབྱུང་རྒྱུར་སེམས་ཚབས་བྱེད་བཞིན་ཡོད་པ་རེད།

ཀཤ་མིར་ཁུལ་དུ་ཡོད་པའི་རྒྱ་གར་དཔུང་དམག་གི་མགྲིན་ཚབ་པས་རྐྱེན་ལམ་དུ་བཏང་པའི་སློབ་ཕྲུག་དེ་རྒྱ་གར་གྱི་དམག་དཔུང་གི་ངོས་ནས་ པ་ཀིསྟན་ནས་འཇིགས་བསྐུལ་དྲག་སྤྱོད་པ་སིམ་འཛུལ་དུ་ཡོང་མཁན་འཇུ་བཟུང་བྱ་རྒྱུའི་ཆེད་བཙུགས་པའི་དམག་མི་གབ་ཡིབ་བྱ་སའི་ས་ཁུལ་ཞིག་ཏུ་སླེབས་པ་དང་ དམག་མིས་འཇུ་བཟུང་བྱེད་ཐབས་བྱས་པའི་སྐབས་སློབ་ཕྲུག་དེ་བྲོས་ཐབས་བྱས་པར་བརྟེན་དམག་མིས་ཁོ་འཇིགས་བསྐུལ་དྲག་སྤྱོད་པ་ཡིན་པའི་དྭོགས་གཞིའི་འོག་མེ་མདའ་བརྒྱབ་སྟེ་རྐྱེན་ལམ་དུ་སོང་བ་ཡིན་པ་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎