བལ་ཡུལ་ནང་ངོ་རྒོལ་ལས་འགུལ་ལ་སྐུལ་སློང་བྱེད་མཁན་འཇུ་བཟུང་།


2015.08.17
བལ་ཡུལ་གྱི་ནང་བའི་ཚོགས་སྡེ་ཁག་མང་པོས་བལ་ཡུལ་གྱི་རྩ་ཁྲིམས་གསར་བའི་ནང་དོན་ལ་ངོ་རྒོལ་གནང་སྐབས། ༢༠༡༥།༨།༡༥ བལ་ཡུལ་གྱི་ནང་བའི་ཚོགས་སྡེ་ཁག་མང་པོས་བལ་ཡུལ་གྱི་རྩ་ཁྲིམས་གསར་བའི་ནང་དོན་ལ་ངོ་རྒོལ་གནང་སྐབས། ༢༠༡༥།༨།༡༥
AFP

བལ་ཡུལ་ནང་རྩ་ཁྲིམས་གསར་བར་ངོ་རྒོལ་བྱེད་མཁན་ཡང་ཡང་ཡོང་བཞིན་པ་དང་ངོ་རྒོལ་ལས་འགུལ་ལ་སྐུལ་སློང་བྱེད་མཁན་ཁག་གཅིག་འཇུ་བཟུང་བྱས་བ།
དེ་ཡང་དེ་རིང་ཚེས༡༧རེས་གཟའ་ཟླ་བའི་ཉིན། བལ་ཡུལ་གཞུང་གི་རྩ་ཁྲིམས་གསར་པར་ངོ་རྒོལ་བྱ་ཆེད་བལ་ཡུལ་རྒྱལ་ཡོངས་སུ་ལས་མཚམས་འཇོག་དགོས་པའི་སྐུལ་སློང་བྱེད་མཁན་མི་གྲངས་༥༡ཙམ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། བལ་ཡུལ་ཉེན་རྟོག་ལས་ཁང་གི་མགྲིན་ཚབ་པ་Kamal Singh Bamཞུ་བས། AFPགསར་འགྱུར་ལས་ཁང་དུ་བལ་ཡུལ་གྱི་རྩ་ཁྲིམས་གསར་པར་ངོ་རྒོལ་བྱེད་མཁན་ཚོས་བལ་ཡུལ་རྒྱལ་ཡོངས་ནང་གཏོར་རྒོལ་གྱི་བྱ་སྤྱོད་སྤེལ་བ་དང་། ཚོང་ཁང་རྣམས་བཙན་དབང་གིས་སྒོ་རྒྱབ་དགོས་པའི་ཀུན་སློང་བྱེད་མཁན་མི་གྲངས་༥༡་དེ་རིང་རེས་གཟའ་ཟླ་བའི་ཉིན་འཛིན་བཟུང་བྱས་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།  
ཟླ་བ་འདིའི་ཟླ་མགོར་བལ་ཡུལ་གཞུང་ལ་ཁ་གཏད་གཅོག་མཁན་གྱི་ཚོགས་པ་ཁག་གིས་བལ་ཡུལ་གྱི་རྩ་ཁྲིམས་གསར་པའི་ཟིན་བྲིས་ཀྱི་ནང་དུ། བལ་ཡུལ་རྒྱལ་ནང་གི་ཞིང་ཆེན་ཁག་ནང་གི་དབང་ཚད་ཆེ་རུ་གཏོང་རྒྱུའི་ཐད་བསྐྱར་ཏུ་ཟིན་བྲིས་རྒྱག་རྒྱུའི་མོས་མཐུན་བྱུང་བ་དེ་ནི་ད་ལྟ་བར་བལ་ཡུལ་གཞུང་དང་། ཁ་གཏད་ཚོགས་པ་ཁག་བར་ཕན་ཚུན་འགྲིགས་འཇགས་མ་ཐུབ་པ་དང་། བསམ་ཚུལ་མ་མཐུན་པའི་རྐྱེན་གྱིས་རྩ་ཁྲིམས་གསར་པ་ཟིན་བྲིས་རྒྱབ་རྒྱུར་འགོག་རྐྱེན་དུ་གྱུར་བ་དེར་ད་རེས་ཁ་གཏད་ཚོགས་པས་མོས་མཐུན་གྱི་ཐོག་ནས་ས་རྟགས་རྒྱབ་པ་དེ་ནི་བལ་ཡུལ་གྱི་ལོ་རྒྱུས་ནང་དུ་གལ་འགངས་ཆེན་པོ་ཞིག་ཡིན་པ་བལ་ཡུལ་གཞུང་གིས་ངོས་འཛིན་གནང་གི་ཡོད་པ་རེད།
འོན་ཀྱང་བལ་ཡུལ་གྱི་རྩ་ཁྲིམས་གསར་བའི་ནང་བུད་མེད་ཀྱི་བྱིས་བ་ཚོར་མི་སེར་ཐོབ་ཐང་སྤྲོད་ཕྱོགས་དང་། ནང་བའི་ཚོགས་སྡེ་ཁག་མང་པོས་བལ་ཡུལ་གྱི་རྩ་ཁྲིམས་གསར་བའི་ནང་མི་རིགས་སྣ་ཚོགས་ཀྱི་ངོ་བོ་ཡོད་པའི་རང་སྐྱོང་ལྗོངས་ཚད་ལྡན་ཞིག་བྱུང་མེད་པ་སོགས་ལ་བརྟེན་ནས་ངོ་རྒོལ་བྱེད་བཞིན་པ་དང་། ད་དུང་བལ་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་ཁོང་ཚོར་རྒྱབ་སྐྱོར་བྱེད་མཁན་ཚོས་ངོ་རྒོལ་བྱས་ཏེ་བལ་ཡུལ་རྒྱལ་ཡོངས་སུ་ལས་མཚམས་འཇོག་དགོས་པའི་སྐུལ་སློང་བྱས་པ་མ་ཟད། གཟའ་འཁོར་སྔོན་མར་བལ་ཡུལ་གྱི་ནུབ་དབུས་དང་། ལྷོ་ཕྱོགས་ཁུལ་དུ་མི་དམངས་བརྒྱ་ཕྲག་འགའ་ཤས་ཀྱིས་རྙོག་དྲ་བསླངས་ཏེ་ད་བར་ལོ་མང་པོ་རིང་གྲུབ་འབྲས་སོན་རྒྱུར་རེ་སྒུག་བྱས་པའི་རྩ་ཁྲིམས་གསར་པ་དེར་ངོ་རྒོལ་བྱས་ཏེ་དྲག་པོའི་བྱ་སྤྱོད་ཀྱང་སྤེལ་བའི་ནང་ས་གནས་ཉེན་རྟོག་པས་དེར་འགོག་རྒོལ་བྱས་པའི་ཁྲོད་ནས་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་མཁན་མི་གཉིས་རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎