རྔ་བ་ནས་རྒྱ་མིའི་དམག་དཔུང་ཕྱིར་འཐེན་དགོས་པའི་འབོད་སྐུལ།

བོད་མིའི་སྒྲིག་འཛུགས་ཀྱིས་རྔ་པ་ནས་རྒྱ་མིའི་དམག་དཔུང་འཕྲལ་མར་ཕྱིར་འཐེན་དགོས་པའི་འབོད་སྐུལ་གྱི་གསར་འགོད་གསལ་བསྒྲགས།

2012.03.17

༄༅༎ཕྱི་ཚེས་༡༧ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་རྔ་པ་ནས་རྒྱ་མིའི་དམག་དཔུང་འཕྲལ་མར་ཕྱིར་འཐེན་དགོས་པའི་འབོད་སྐུལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད་པ་དེའི་ནང་། བོད་བྱང་ཤར་རྔ་པ་ཁུལ་དུ་སླར་ཡང་བོད་མི་དགེ་འདུན་པ་གཞོན་སྐྱེས་ཤིག་གིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་བྱུང་བར་ཧ་ཅང་གི་བློ་ཕམ་དང་སེམས་འཚབ་ཆེན་པོ་བྱུང་། ས་ཁུལ་དེ་དག་ལ་ཟླ་བ་ཁ་ཤས་རིང་ནས་དངོས་སུ་དྲིལ་བསྒྲགས་བྱས་མེད་ཀྱང་དོན་དངོས་རྒྱ་ནག་གཞུང་གི་དམག་ཁྲིམས་འོག་གནས་ཡོད་པ་དང་།  བོད་ནས་གནས་ཚུལ་ཐོན་གསལ་ལྟར་ན་ རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རང་ལོ་༢༠སོན་པ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་རྔ་པའི་གཞུང་ལམ་དུ་མར་ཐོན་ནས།  རང་ལུས་མེར་སྲེག་གཏོང་བཞིན་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་འདུག་ཅིང་།  དེ་མ་ཐག་རྒྱ་མིའི་ཉེན་རྟོག་མི་སྣས་དགེ་འདུན་བློ་བཟང་ཚུལ་ཁྲིམས་ལགས་སུ་གཞུས་ཏེ། མེད་གསོད་ཐབས་བྱས་པའི་མཐར་ཆ་རྒྱུས་མེད་པའི་ས་གནས་ཤིག་ཏུ་བཙན་ཁྲིད་བྱས་ཡོད་འདུག གནད་དོན་དེ་བྱུང་རྗེས་རྔ་པ་དང་ལྷག་པར་ཀིརྟི་དགོན་པའི་མཐའ་སྐོར་དུ་རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་མི་སྣ་འཕོན་ཆེ་འགྲེམས་འཇོག་བྱས་ཏེ། དྲག་གནོན་བྱ་རྒྱུའི་གྲ་སྒྲིག་ཨང་གསར་བྱས་འདུག བོད་མི་རང་ལུས་མེར་སྲེག་བཏང་སྟེ་རྨས་སྐྱོན་ཕོག་པ་རྣམས་གང་དུ་ཡོད་མེད་དང་ ཁོང་རྣམ་པའི་གནས་སྟངས་ཇི་ཡིན་ཐོག བོད་མིའི་སྒྲིག་འཛུགས་ལ་ཧ་ཅང་སེམས་འཚབ་ཆེན་པོ་འདུག དེར་བརྟེན་རྨས་སྐྱོན་ཕོག་པ་རྣམས་ལ་རྒྱ་ནག་གཞུང་ནས་སྨན་བཅོས་ཚད་ལྡན་བྱ་རྒྱུའི་མཐུན་འགྱུར་ཆ་ཚང་མཁོ་སྤྲོད་ཞུ་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་མ་ཟད། ད་བར་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ལྔ་གང་དུ་ཡོད་མེད་དང་ཁོང་རྣམ་པའི་གནས་སྟངས་ཇི་ཡིན་ཐོག་གསལ་བཤད་བྱེད་དགོས་ཞེས་དང་། ད་དུང་གསལ་བསྒྲགས་དེའི་ནང་ཉེ་ལམ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ལ་ཐད་ཀར་གཞུང་གི་སྟངས་འཛིན་བྱ་རྒྱུའི་ཁྲིམས་ལུགས་གཏན་འབེབས་བྱས་པ་དེར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་མ་ཟད། སྲིད་བྱུས་དེས་ཕྱི་ལོ་ཉིས་སྟོང་བརྒྱད་ནས་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་ཞི་རྒོལ་བྱུང་རྐྱེན་བརྟན་ལྷིང་མེད་པའི་གནས་སྟངས་འོག་གནས་བཞིན་པའི་ཁར་ད་དུང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་གཏོང་ངེས་ཡིན་ཞེས་འཁོད་འདུག། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎