རྒྱ་ནག་གི་དྲག་སྤྱོད་ལ་ཧོང་ཀོང་ནང་མི་མང་གིས་ངོ་རྒོལ་གནང་བ།


2016.09.19
ཀོང་ཀོང་ནང་རྒྱ་ནག་གི་དྲག་སྤྱོད་ལ་ངོ་རྒོལ་དང་ས་གནས་ཡུལ་མིར་གདུང་སེམས་མཉམ་བསྐྱེད། ༢༠༡༦།༩།༡༦ ཀོང་ཀོང་ནང་རྒྱ་ནག་གི་དྲག་སྤྱོད་ལ་ངོ་རྒོལ་དང་ས་གནས་ཡུལ་མིར་གདུང་སེམས་མཉམ་བསྐྱེད། ༢༠༡༦།༩།༡༦
Photo: RFA

རྒྱ་ནག་དབུས་གཞུང་གི་འབྲེལ་མཐུད་གཞུང་དོན་ཁང་གི་མདུན་ཧོང་ཀོང་མི་མང་གིས་རྒྱ་ནག་གི་དྲག་ཤུགས་ལ་ངོ་རྒོལ་གྱི་རྣམ་པ་བསྟན་འདུག།
ཧོང་ཀོང་གི་མི་དམངས་བརྒྱ་ཕྲག་ཁ་ཤས་ཤིག་རྒྱ་ནག་དབུས་གཞུང་གི་འབྲེལ་མཐུད་གཞུང་དོན་ཁང་གི་མདུན་འདུ་འཛོམས་ཀྱིས་མར་མེའི་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་དྲག་ཤུགས་ལ་ངོ་རྒོལ་གྱི་རྣམ་པ་བསྟན་འདུག།
དེ་ཡང་རྒྱ་ནག་ཀོང་ཏུང་ལུའུ་ཕུང་ཝུའུ་ཁའང་ས་གནས་སུ་ས་གནས་མི་མང་གིས་གཟའ་འཁོར་གོང་མར་དམངས་གཙོའི་དགོས་འདུན་བཏོན་པའི་རྐྱེན་ལས་མི་མང་དང་ཉེན་རྟོག་པའི་བར་ཁྲག་འདོན་པའི་གདོང་ཐུག་བྱུང་སྟེ། སྐབས་དེར་ཧོང་ཀོང་གི་གསར་ལས་ཁང་གི་གསར་འགོད་པ་མི་ལྔ་ཡིས་གནས་ཚུལ་བྱུང་ཡུལ་དུ་བཅའ་དྲི་བྱེད་པའི་སྐབས། ཉེན་རྟོག་པས་གསར་འགོད་པ་བཀག་སྐྱིལ་དང་ཉེས་རྡུང་བཏང་ཡོད་པ་རེད། དེར་བརྟེན་ཀོང་ཏུང་ཝུའུ་ཁའང་གྲོང་ཚོའི་མི་མང་ལ་རྒྱབ་སྐྱོར་དང་རྒྱ་ནག་སྐམ་སའི་ཉེན་རྟོག་པའི་དྲག་ཤུགས་ལ་རྒོལ་གླེང་གཏོང་ཆེད་དུ། ཧ་ལམ་ཧོང་ཀོང་གི་ཡུལ་མི་བརྒྱ་ཕྲག་ཁ་ཤས་ཤིག་གིས་སྤྱི་ཚེས་༡༧་ཉིན་ཧོང་ཀོང་དུ་ཡོད་པའི་རྒྱ་ནག་གཞུང་དོན་ཁང་གི་མདུན་དུ་མར་མེའི་རྔམ་སྟོན་གྱི་འདུ་འཛོམས་བྱས་ཡོད་པའི་ནང་མཉམ་ཞུགས་བྱེད་མཁན་ཁོངས་སུ་ཧོང་ཀོང་སྤྱི་འབངས་ཚོགས་པ་དང་། དམངས་གཙོ་ཚོགས་པ། བཟོ་པའི་ཚོགས་པ། རྒྱབ་སྐྱོར་མཉམ་འབྲེལ་ཚོགས་པ། སྤྱི་ཚོགས་དམངས་གཙོ་ཚོགས་པ་སོགས་ཡོད་པ་རེད།  ཁོང་ཚོས་ལག་ཏུ་མར་མེའི་དཔལ་འབར་མཐོན་པོར་བསྒྲེངས་ཏེ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚང་མ་གློད་བཀྲོལ་གཏོང་དགོས།
ས་ཞིང་སྲུང་སྐྱོབ་བྱེད་པར་ཉེས་པ་མེད། ཝུ་ཁའང་ཚོན་གྱི་ཡུལ་མི་གློད་བཀྲོལ་གཏོང་དགོས་ཟེར་བ་སོགས་ཀྱི་འབོད་ཚིག་སྒྲོག་ཡོད་པ་རེད། ཧོང་ཀོང་གྲོས་ཚོགས་ཀྱི་ཚོགས་མི་ལན་གོའིོ་ཞུང་གིས། དུས་དེ་རིང་ཝུ་ཁའང་ཚོན་ལ་བྱུང་བ་དེ་སང་ཉིན་ཧོང་ཀོང་ལ་ཡོང་རྒྱུ་རེད་ཟེ་རྣམ་པ་བསྟན་ཡོད་འདུག མཐའ་མཇུག་འདུ་འཛོམས་བྱེད་མཁན་མི་ཚོས་སྲིང་སྐུད་ནག་པོས་གཞུང་དོན་ཁང་གི་སྒོ་འགྲམ་དུ་དམ་བཅིངས་བྱས་ཏེ་ཝུ་ཁའང་གྲོང་ཚོར་དྲག་གནོན་བྱས་པར་མི་འདོད་པའི་རྣམ་པ་མངོན་པར་བྱས་ཡོད་པ་རེད།

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎