འབར་མའི་དམངས་གཙོ་དོན་གཉེར་བ་ཁྲིམས་གཏུགས།
2012.02.19
༄༅༎འབར་མའི་དོན་གཉེར་བ་དགེ་འདུན་པ་ཤིན་གྭམ་བྭི་ར་ལ་གཞུང་གིས་ཁྲིམས་གཏུགས་བྱ་རྒྱུ་ཡིན་འདུག
དེ་སྔ་ཕྱི་ལོ་༢༠༠༧ལོར་བྷར་མའི་གུར་གུམ་གྱེན་ལངས་ཞེས་ཡོངས་སུ་གྲགས་པའི་ལས་འགུལ་སྣེ་ཁྲིད་མཁན་འབར་མའི་ནང་པའི་དགེ་འདུན་པའི་མཐུན་ཚོགས་ཀྱི་དབུ་ཁྲིད་དགེ་སློང་ ཤིན་གྭམ་བྭི་ར་དེ་ལོ་དྲག་པོའི་གཞུང་གིས་འཛིན་བཟུང་གིས་བཙོན་འཇུག་གིས་ལོ་༦༨རི་བཙོན་དུས་ཀྱི་ཉེས་ ཆད་བཏང་ཡང་འདི་ལོ་ཕྱི་ཟླ་དང་པོའི་ནང་ཉེས་ཡངས་བཏང་ནས་གློད་བཀྲོལ་བྱས་པ་རེད། འོན་ཀྱང་ད་ཆ་གཞུང་གིས་དགེ་སློང་གྭམ་བྭི་ར་ཡིས་གཞུང་གི་བཀའ་འཕྲོལ་མ་ཞུས་པར་དགེ་འདུན་གྱི་སྡེར་བསྐྱར་དུ་འཛུགས་ཞུགས་བྱས་པ་མ་ཟད་དགེ་འདུན་གྱི་སླབ་སྡོམ་འགལ་འཛོལ་བྱས་ཡོད་ལུགས་སྐྱོན་འཛུགས་བྱས་ཡོད་ལུགས་རོའི་ཊརྶེ་གསར་ལས་ཁང་གིས་ཡནྒོན་(Yangon)ནས་གནས་ཚུལ་སྤེལ་འདུག། གཞུང་འབྲེལ་དགེ་འདུན་གྱི་ཆོས་ཚོགས་ སངྒ་ཀ་མ་ཧ་ན་ཡ་ཀ་ (Sangka Maha Nayaka) ཞེས་པས་དོ་བདག་ཐེངས་གསུམ་བཀའ་འགུག་བྱས་ཀྱང་བཅར་མེད་ལུགས་གསལ་བསྒྲགས་བྱས་ཡོད་འདུག།