བོད་ཆེད་མར་མེ་དབུ་འབྱེད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་སྐོར།
2008.08.04
༄༅༎ཨ་རིའི་ཀོ་ལམ་སྦི་ཡ་གཙུག་ལག་སློབ་གཉེར་ཁང་གི་ནང་ཆོས་སློབ་དཔོན་དང་ ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱེད་པའི་བོད་ཁང་གི་འགན་འཛིན་ རོ་སྦ་ཊེ་ཐར་མེན་ དང་ཕེརན་སིའི་བོད་དོན་རྒྱབ་བསྐྱོར་ཚོགས་པའི་ཚོགས་གཙོ་རྣམ་གཉིས་བོད་ཆེད་མར་མེ་ཞེས་པའི་བོད་རང་དབང་གི་ལས་འགུལ་དེའི་ནང་ཞུགས་རྒྱུ་ཡིན་པ་རེད་
སྐུ་ཞབས་རོ་སྦ་ཊེ་ཐར་མེན་ཡིས་གྲོང་ཁྱེར་ནིའ་ཡོག་གི་ཡུ་ནིཡེན་སུ་ཁུལྦེར་ཞེསཔའི་མི་མང་འདུ་ཚོགས་བྱེད་ཡུལ་དེར་བོད་ཆེད་མར་མེ་དེ་དབུ་འ
བྱེད་དང་གསུང་བཤད་གནང་རྒྱུ་ཡིན་པ་རེད་ ཁོང་གིས་ལས་འགུལ་དེ་གོ་སྒྲིག་གནང་མཁན་ལ་ཕྱག་བྲིས་ཤིག་གནང་བའི་ནང་ད་ལྟའི་འཆར་ང་ཚོས་བོད་ནང་གི་དཀའ་སྡུག་སེལ་རྒྱུར་དེ་ཙཙམ་གྱི་ནུས་པ་ཐོན་པའི་ཕྱག་ལས་གནང་ཐུབ་ཀྱི་མེད་ནའང་ད་ཐེངས་ཀྱི་ལས་འགུལ་དེས་བོད་ནང་སྡུག་བྱོང་མྱོང་མཁན་དང་གདུག་གཙུབ་གཏོང་མཁན་གྱི་སེམས་ལ་འཛམ་གླིང་གི་མི་མང་ས་ཡ་མང་པོས་སྨོན་ལམ་གསོལ་འདེབས་གནང་བ་དེས་ནུས་པ་ཤུགས་ཆེ་ཞིག་ཐོན་གྱི་རེད་བསམ་གྱི་འདུག་ཅེས་གསུང་འདུག ཡང་ཕེརན་སི་རྒྱལ་ས་པེ་རིསི་ནང་བོད་དོན་རྒྱབ་བསྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ མའར་སེལ་རོ་ ཡིས་གྲོང་ཁྱེར་དེའི་ནང་གི་བོད་ཆེད་མར་མེ་ཞེས་པའི་ལས་འགུལ་དེ་དབུ་འབྱེད་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད་ བོད་ཆེད་མར་མེ་ཞེས་པའི་ལས་འགུལ་དེར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་རྒྱབ་བསྐྱོར་གནང་ཡོད་པ་རེད་ ལས་འགུལ་དེ་ཨིསི་རེལ་གྱི་མི་རིགས་ ཌེ་ལྦི་ཌི་ ཁ་ལི་ཕཱ་ ཡིས་གོ་སྒྲིག་གནང་བ་ཞིག་དང་ཁོང་གིས་ལས་འགུལ་དེའི་ནང་འཛམ་གླིང་གི་ས་ཕྱོགས་གང་སར་མི་མང་ས་ཡ་ ༡༠༠ ལྷག་ཞུགས་རྒྱུ་ཡིན་སྐོར་དང་ལས་འགུལ་དེ་ཕྱི་ཟླ་ ༨ པའི་ཚེས་ ༧ གྱི་དགོང་དྲོ་ཆུ་ཚོད་ ༩ པའི་ཐོག་འགོ་འཛུགས་གནང་རྒྱུ་ཡིན་སྐོར་གསུང་འདུག