༧གོང་ས་མཆོག་ནས་དངོས་སུ་མཇལ་ཁ་གནང་རྒྱུའི་ཐད་ཡིད་གཟབ་གནང་འགོ་ཚུགས་ཡོད་པ།

2021.12.31
༧གོང་ས་མཆོག་ནས་དངོས་སུ་མཇལ་ཁ་གནང་རྒྱུའི་ཐད་ཡིད་གཟབ་གནང་འགོ་ཚུགས་ཡོད་པ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
དགའ་ལྡན་ཕོ་བྲང་ཡིག་ཚང་།

ཉེ་སྔོན་ཕྱི་ཟླ་༡༢ཚེས་༡༥ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེ་པོ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ལ་དངོས་སུ་མཇལ་ཁ་གནང་བ་ནས་བཟུང་། རྒྱ་གར་གྱི་གནད་ཡོད་མི་སྣ་དང་མི་སྒེར་བ་རེ་ཟུང་ལ་དངོས་སུ་མཇལ་ཁ་བསྩལ་གནང་ན་ཡང་། ད་ལྟའི་ཆར་ཏོག་དབྱིབས་རིམས་ནད་བསྐྱར་དུ་ཁྱབ་གདལ་འགྲོ་འགོ་ཚུགས་བཞིན་ཡོད་པ་བཞིན། ༧གོང་ས་མཆོག་གི་སྐུའི་བླ་སྨན་པ་དང་ཕྱི་ནས་མི་མང་གི་སྐུའི་འཕྲོད་བཞེས་བདེ་ཐང་ཐད་རེ་སྐུལ་བྱས་པ་བཞིན། དགའ་ལྡན་ཕོ་བྲང་ངོས་ནས་༧གོང་ས་མཆོག་ནས་དངོས་སུ་མཇལ་ཁ་གནང་རྒྱུའི་ཐད་དོ་ནན་དང་ཡིད་གཟབ་བྱ་འགོ་ཚུགས་ཡོད་པ།དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་སོང་།
འདས་པའི་ལོ་གཉིས་ནས་བཟུང་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་འཆར་ཡོངས་རྫོགས་དྲ་རྒྱའི་ཐོག་ནས་བསྐྱངས་གནང་མཛད་བཞིན་ཡོད་པ་རེད་ལ།ཡང་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ནས་མུ་མཐུད་བརྗོད་དོན་ལ། ད་ལྟའི་ཆར་དངོས་སུ་མཇལ་ཁ་ཞུ་རྒྱུའི་ཐད་དོ་ནན་དང་ཡིད་གཟབ་ལས།གཞན་དྲ་ལམ་ནས་གསུང་ཆོས་དང་བཀའ་ཆོས་རིགས་ཀྱི་མཛད་འཕྲིན་མུ་མཐུད་བསྐྱངས་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཕྱི་ལོ་༢༠༡༩ལོའི་ལོ་མཇུག་ནས་བཟུང་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེན་བྱུང་བའི་གནས་སྟངས་འོག།༧གོང་ས་མཆོག་ནས་དངོས་སུ་མཇལ་ཁ་ཞུ་རྒྱུའི་ལས་རིམ་ཁག་མེད་པ་བྱས་ཡོད་ན་ཡང་།ཕྱི་ལོ་༢༠༢༡ལོའི་ལོ་མཇུག་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་།རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པ་(RSS)ཡི་གཙོ་འཛིན་སྐུ་ཞབས་MohanBhagwatལགས་གཙོས་པའི་ཚོགས་པ་དེ་ཉིད་ཀྱི་འགོ་ཁྲིད་རྒན་གྲས་སྐུ་ཞབས་Indresh Kumarལགས།དེ་བཞིན་ཚོགས་པ་དེའི་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ལྔའི་སྤྱི་ཁྱབ་པ་དང་།དེ་བཞིན་མི་སྒེར་བ་ཁ་ཤས་བཅས་སུ་དངོས་སུ་མཇལ་ཁ་གནང་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎