ཆབ་སྲིད་བཙོན་པ་རྒྱ་ཡེ་ཕུན་ཚོགས་ལགས་སྐུ་གྲོངས་འདུག


2016.03.21
དུས་བབ་ཚགས་ཤོག་ལ་ཐོན་པའི་རྒྱ་ཡེ་ཕུན་ཚོགས་ཀྱི་གནས་ཚུལ། དུས་བབ་ཚགས་ཤོག་ལ་ཐོན་པའི་རྒྱ་ཡེ་ཕུན་ཚོགས་ཀྱི་གནས་ཚུལ།
དུས་བབ།

རྒྱ་ཡེ་ཕུན་ཚོགས་ལགས་ལ་རྒྱ་ནག་གིས་ཡུན་རིང་བཙོན་འཇུག་མནར་གཅོད་བཏང་རྐྱེན་རང་ཤག་ནས་སྐུ་གྲོངས་ཡོད་པ།
དེ་ཡང་དྷ་སར་གནས་སྡོད་ཡེ་ཤེས་བསྟན་འཛིན་ལགས་ཀྱིས་བོད་ཀྱི་དུས་བབ་གསར་ཁང་ལ་ངོ་སྤྲོད་གནང་བ་ལྟར་ན། ཟླ་བ་འདིའི་སྤྱི་ཚེས༢༠ཉིན་བོད་ཀྱི་ཆབ་སྲིད་བཙོན་པ་རྒྱ་ཡེ་ཕུན་ཚོགས་ལགས་ལ་རྒྱ་ནག་གིས་ཡུན་རིང་བཙོན་འཇུག་མནར་གཅོད་ཚད་མེད་བཏང་རྐྱེན་རང་ཤག་ནས་སྐུ་གྲོངས་ཡོད་འདུག
ཁོང་སྔོན་ཆད་རྒྱ་གར་དུ་ཡོང་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་རྗེས། ཕྱིར་བོད་ལ་ལོག་ནས་མཚོ་སྔོན་པོ་མཚོ་སྙིང་དུ་ལྷ་ཁང་ཞིག་བཞེངས་གྲུབ་ནས་ལོ་གཅིག་གི་རྗེས་སུ། དེ་སྔོན་༧གོང་ས་མཆོག་གིས་ཁོང་ལ་གནང་བའི་བཀའ་ཡིག་དང་ཁོས་རྒྱ་གར་ནས་ཁྱེར་ཡོང་བའི་དཔེ་ཆ་འགའ་བཅས་ས་གནས་ཉེན་རྟོག་པའི་ལག་ཏུ་ཤོར་བའི་རྐྱེན་གྱིས། ཁོང་འཛིན་བཟུང་བཙོན་འཇུག་དང་གཅར་རྡུང་བྱས་ནས་པུས་མོ་སོགས་ནད་པ་བཟོས་ཏེ་ཡར་ལངས་མི་ཐུབ་པར་བཏང་ཡོད་སྟབས། ཧ་ལམ་ལོ་ངོ་བཅུ་ཕྲག་ཅིག་རིང་ཁོང་ནད་པ་ཆགས་ཡོད་པ་རེད། བདུན་ཕྲག་གཉིས་ཀྱི་སྔོན་ལ་ཁོང་ཆབ་ཆ་བོད་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་ཕྱིན་ཡོད་ནའང་། སྨན་ཁང་གིས་ཁོང་ལ་དྲག་སྐྱེད་ཡོང་ཐབས་མེད་ལུགས་བཤད་ནས་ཕྱིར་རང་ཁྱིམ་དུ་ལོག་དགོས་བྱུང་ཡོད་པ་དང་། ༢༠༡༦ལོའི་ཟླ་༣་ཚེས༢༠ཉིན་བོད་ནང་གི་ཆུ་ཚོད་༡༡།༣༠སྟེང་སྐུ་གྲོངས་ཡོད་པ་བརྗོད་འདུག།
རྒྱ་ཡེ་ཕུན་ཚོགས་ལགས་ནི་ཕྱི་ལོ་༡༩༣༡ལོར་མཚོ་ལྷོ་ཁུལ་གུང་ཧོ་རྫོང་རིག་སྨོན་ཞིང་རྒྱ་ཡེ་སྡེ་བའི་འབྲོག་ཁྱིམ་ཕལ་བ་ཞིག་ནས་སྐྱེས་ཤིང་། ཆུང་དུས་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རིམ་གྱིས་འགྲིམས་པ་མ་ཟད། མདོ་སྨད་དྷི་ཚ་དགོན་དུ་བོད་ཀྱི་ཚན་ཉིད་རིག་པ་དང་སུམ་རྟག་དག་གསུམ། དེ་བཞིན་སྒྲ་རིག་རྩིས་གསུམ་སོགས་ལ་སློབ་གཉེར་གནང་བ་དང་། ཕྱིས་སུ་རིག་སྨོན་ཞིང་རྒྱ་ཡེ་བ་ནས་སློབ་ཆུང་སློབ་གྲྭ་ཞིག་གསར་འཛུགས་བྱས་ཏེ་རང་ཉིད་ཀྱིས་སློབ་གྲྭའི་དགེ་རྒན་དང་སློབ་སྤྱི་གཅིག་ལྕོགས་ཀྱི་འགུན་ཁུར་ནས་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་དང་རྩིས་རིག་སོགས་སློབ་འཁྲིད་བྱས་མྱོང་བ་དང་། སློབ་གྲྭ་དེའི་ནང་བོད་རིགས་སློབ་མ་ ༦༠ ལྷག་ཡོད་འདུག
ཕྱི་ལོ་༡༩༨༠ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟུར་བ་ཧུའུ་ཡོ་པང་མཚོ་ལྷོ་ཁུལ་དུ་གཟིགས་སྐོར་སྐབས་སུ། ཁོང་གིས་ས་གནས་བོད་རིགས་མི་མང་གི་དཀའ་སྡུག་སོགས་དངོས་ཡོད་གནས་ཚུལ་སྙན་སེང་ཞུས་ཡོད་པ་རེད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎