བོད་དོན་རྒྱབ་སྐྱོར་གནང་བར་སྐྱོན་བརྗོད་ཀྱི་ཡི་གེ་བཏང་བའི་གནད་དོན།

2022.01.01
བོད་དོན་རྒྱབ་སྐྱོར་གནང་བར་སྐྱོན་བརྗོད་ཀྱི་ཡི་གེ་བཏང་བའི་གནད་དོན། བོད་དོན་རྒྱབ་སྐྱོར་གནང་བར་སྐྱོན་བརྗོད་ཀྱི་ཡི་གེ་བཏང་བའི་གནད་དོན།
པར་ཚགས།

ཕྱི་ཟླ་ ༡༢ ཚེས་ ༡༤ ནས་དབུ་འཛུགས་ཀྱིས་བདུན་ཕྲག་གཉིས་ཙམ་གྱི་རིང་བོད་མི་མང་སྤྱི་འཐུས་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་དགུན་དུས་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ལ་བོད་དོན་ཞུ་གཏུག་སོགས་གནང་བ་མ་ཟད་ཞུ་གཏུག་གི་ལས་དོན་གྲུབ་པའི་ཉིན་མཐའ་མའི་མཚམས། ཕྱི་ཟླ་༡༢ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འཕགས་བོད་འབྲེལ་མཐུད་ལས་ཁུངས་ནས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་འཚམས་འདྲིའི་གསོལ་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། དེའི་ཐོག་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས Shri Sujeet Kumar ལགས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་སྤྱི་མོས་ཐོག་ནས་བསྐོ་གཞག་གནང་ཡོད་ཅིང་། ལས་དོན་དེ་དག་ལེགས་གྲུབ་ཟིན་ཏེ་གཟའ་འཁོར་གཅིག་ཙམ་འགྲོ་བཞིན་པའི་མཚམས་འདིར་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཆབ་སྲིད་སློབ་སྟོན་པ་ Zhou Yongsheng  ཟེར་བས་སྐུ་ཞབས་སུ་ཇིཏ་ཀུ་མཱར་ལགས་གཙོས་གསོལ་སྟོན་ཐོག་ཕེབས་པའི་གྲོས་ཚོགས་འཐུས་མི་གཞན་རྣམས་ལ་ཕྱག་བྲིས་ཤིག་ཕུལ་བ་བརྒྱུད་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་རྣམ་པས་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་རྒྱ་གར་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་སྐོར་ལ་གྲོས་བསྡུར་གནང་བ་དང་། ལྷག་དོན་རྒྱ་གར་གཞུང་གི་ངོས་ནས་བོད་རང་སྐྱོང་ལྗོངས་ཟེར་བ་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་གནང་བཞིན་ཡོད་ཀྱང་། གྲོས་ཚོགས་འཐུས་མི་རྣམས་ནས་བོད་མིའི་སྐུ་ཚབ་དང་མཇལ་འཕྲད་ཞུས་བའི་ཁ་བྲལ་གྱི་བྱ་སྤྱོད་ལ་མཐའ་ཅིག་ཏུ་དགག་པ་ཡོད་ཅེས་བཀོད་ཡོད་པ་རེད་།     དེའི་ཐད་སྤྱི་མོས་ཐོག་ནས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐོ་གཞག་བྱུང་བ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས Shri Sujeet Kumar གྱིས་ལན་འདེབས་ནན་པོ་གནང་ཡོད་པའི་ཁར་།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ་རྒྱ་ནག་གི་ཕྱི་འབྲེལ་དཔོན་རིགས་ནས་རྒྱ་གར་གྲོས་ཚོགས་འཐུས་མི་ཚོར་ཡི་གེ་བཏང་བའི་ལམ་ནས་སྐྱོན་བརྗོད་བྱེད་ཡས་སོགས་ཀྱི་བྱ་སྤྱོད་དེ་རིགས་ནི་ཧང་སང་དགོས་པ་གང་ཡང་མིན་ཞིང་།  དེ་ནི་འཛམ་གླིང་ནང་བོད་དོན་ལས་འགུལ་གྱི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པར་ཞེད་སྣང་དང་།  རང་དབང་ལྡན་པའི་རྒྱལ་ཁབ་ཁག་གི་དཔོན་རིགས་ནས་བོད་དོན་འདེན་འཐའ་སེལ་རྒྱུར་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་པ་འགོག་ཐབས་ཆེད་ཡིན་ཞིང་།  རྒྱ་ནག་གཞུང་གི་བྱ་སྤྱོད་དེ་རིགས་ལ་སྐྱོན་བརྗོད་དྲག་པོ་བྱ་རྒྱུ་ཡིན་པ་སོགས་བཀོད་ཡོད་འདུག
གསར་འགོད་པ། འཆི་མེད་ལྷུན་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎