མཚོ་བོད་ཁུལ་དུ་རི་དྭགས་གཙོད་གསོ་འཕེལ་སྐོར།
2009.06.17
༄༅༎མཚོ་བོད་རི་རྒྱུད་མངའ་ཁུལ་ཁག་ཏུ་སེམས་ཅན་གཙོད་འཚོ་འཕེལ་ཡོང་ཆེད་དུ་གུར་ཆེན་པོ་ཁག་ཅིག་རྒྱབ་རྒྱུ་ཡིན་པ་འབྲེལ་ཡོད་ལྷན་ཁང་ནས་གསལ་སྟོན་གནང་བཞག
དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིང་ཧ་གསར་འགྱུར་བརྒྱུད་ལམ་ཁང་ནས་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན་རྒྱ་ནག་རྒྱལ་ཡོངས་རང་འབྱུང་ཁོར་ཡུག་སྲུང་སྐྱོབས་ལྷན་ཁང་ནས་མཚོ་བོད་རི་རྒྱུད་མངའ་ཁུལ་ཁག་ཏུ་ཡོད་པའི་བོད་ཀྱི་སེམས་ཅན་གཙོད་ཀྱིས་གནམ་གཤིས་སྡུག་པོའི་ནང་ཕྲུ་གུ་བཙས་རྒྱུར་སྲུང་སྐྱོབས་ཆེད་གུར་ཆེན་པོ་འགའ་ཤས་ཞིག་རྒྱབ་རྒྱུ་ཡིན་ལུགས་དེ་རིང་རེས་གཟའ་ལྷག་པའི་ཉིན་གསལ་སྟོན་བྱས་འདུག
གོང་ཞུས་སྲུང་སྐྱོབས་ཚོགས་པའི་འགན་འཛིན་དང་གཙོད་གསོ་འཕེལ་ལས་ཁང་གི་འགན་འཛིན་གཅིག་ཕྱོགས་ཡིན་པ་སྐུ་ཞབས་ལྦང་ཀྲུ་ཐའེ་ཡིས་གསུངས་ན་གུར་དེ་ཚོ་ཛོ་ནག་མཚོ་ཁུལ་དུ་ཆགས་པའི་གཙོད་བལྟ་སྲུང་ལྷན་ཁང་ཆིག་སྟོང་ཙམ་ཡོད་པ་དེ་ནས་ཀི་ལོ་མི་ཊར་༤༧༠༠ཙམ་གྱི་ས་ཁུལ་དུ་རྒྱབ་རྒྱུ་ཡིན་ལུགས་གསུངས་འདུག
ན་ནིང་ལོར་མཚོ་བོད་རི་རྒྱུད་མངའ་ཁུལ་དུ་ཡོད་པའི་གཙོད་གསོ་འཕེལ་འཇོག་ཁང་དུ་གཙོད་ཕྲུག་གསུམ་ཁྲི་ཙམ་སྐྱེས་ཐུབ་པ་བྱུང་ཡོད་པ་རེད། ལྦང་ཡིས་མུ་མཐུད་གསུངས་ན་གཙོད་ཕྲུག་བཙལ་རྒྱུའི་དུས་ཚོད་ཡག་ཤོས་དེ་ཕྱི་ཟླ་བརྒྱད་པ་ནས་རྫོགས་འགྲོ་གི་ཡོད་པ་དང་དུས་ཚོད་དེའི་ནང་གཙོད་གསོ་འཕེལ་ཁང་དུ་གཙོད་ཕྲུག་སྲུང་སྐྱོབས་བྱེད་རྒྱུ་གལ་འགངས་ཆེན་པོ་ཡིན་པ་མ་ཟད་བོད་ཀྱི་གཙོད་དེ་ཕྱི་ལོ་༡༩༨༠འི་ལོ་ཙམ་ནས་བོད་ཀྱི་རྩ་ཆེའི་རི་དྭགས་གྲས་སུ་གྱུར་ཡོད་པ་རེད་ཅེས་ལྦང་ཡིས་གསལ་བཤད་གནང་ཡོད་པ་རེད།