བུད་མེད་དང་ཕྲུ་གུའི་ཐོབ་ཐང་སྲུང་སྐྱོབ་ཀྱི་འབོད་སྐུལ་བྱས་པ།

རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་གྱིས་བུད་མེད་དང་ཕྲུ་གུའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་པའི་ཛ་དྲག་གི་འབོད་སྐུལ་བྱས་པ་རེད།

2011.11.27

༄༅༎རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་གྱིས་བུད་མེད་དང་ཕྲུ་གུའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་པའི་ཛ་དྲག་གི་འབོད་སྐུལ་བྱས་པ་རེད།
དེ་ཡང་རྒྱ་ནག་རྒྱལ་ཡོངས་ངལ་རྩོལ་ཚོགས་འདུ་ཐེངས་ལྔའི་ཐོག་ལྦེན་ཅ་བའོ་གྱིས་གཏམ་བཤད་ནང༌། གཙོ་བོ་བེུད་དང་བྱིས་པའི་ཐོབ་ཐང་སྐོར་གལ་གནད་ཆེ་བར་ངོས་འཛིན་བྱས་ཏེ་བྱིས་པ་ནི་མ་འོངས་པའི་རྒྱལ་ཁབ་ཀྱི་ངོ་བོ་དང་མི་རིགས་ཀྱི་རེ་བ་ཡིན་པ་བཤད་ཡོད་ཅིང༌། རྒྱ་ནག་ནང་བུད་མེད་དང་བྱིས་པ་ནི། རྒྱལ་ཁབ་ཀྱི་མི་འབོར་ཐེར་འབུམ་གཅིག་དང་གྲངས་ཆུང་གསུམ་ནས་གསུམ་ཆ་གཉིས་ཟིན་ཡོད་པ་དང༌། དེར་བརྟེན་བུད་མེད་དང་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ནི། རྒྱལ་ཁབ་ཡར་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས་ལ་གལ་འགངས་ཆེན་པོ་དང༌། དམིགས་བསལ་གཞུང་དང་གུང་ཁྲན་ཚོགས་པའི་ངོས་ནས་བུད་མེད་དང་བྱིས་པའི་གནད་དོན་ནི་དུས་རྟག་ཏུ་རྩ་ཆེར་འཛིན་དགོས་པ་དང༌། རྒྱ་ནག་ནང་དུ་བུད་མེད་དང་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཐད་ལ་བྱེ་བྲག་གི་ཁྲིམས་གང་ཡང་མེད་ནའང་ཚོགས་པ་བྱེ་བྲག་པས་བུད་མེད་དང་བྱིས་པའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་གཞུང་གི་སྲིད་ཇུས་ཁག་ལག་བསྟར་བྱེད་ཀྱི་ཡོད་པར་བརྟེན། གཞུང་ཕྱོགས་ནས་མ་འོངས་པའི་ལོ་བཅུའི་ནང་ལ་བུད་མེད་དང་བྱིས་པའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་ཁག་གཉིས་ལག་བསྟར་བྱ་རྒྱུ་ཡིན་པ་ཞེས་བཤད་ཡོད་པ་རེད། གཞུང་གི་འཆར་གཞི་གཉིས་པོའི་ནང་ནས་དང་པོ་དེ། ཕོ་མོ་དབྱེ་འབྱེད་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་རྒྱུ་དང༌། ལྷག་པར་དུ་བེུད་ཀྱིས་དཔལ་འབྱོར་དང༌། ཆབ་སྲིད། རིག་གཞུང། སྤྱི་ཚོགས་ཡར་རྒྱས་ཀྱི་ལས་ཡུལ་དུ་ཞུགས་རྒྱུར་འདྲ་མཉམ་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎