རྒྱ་ནག་ནང་དྲུག་བཞིའི་དོན་རྐྱེན་གྱི་པར་འགྲེམས་སྤེལ་བྱས་པ།

རྒྱ་ནག་ནང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་སློབ་ཕྲུག་དམངས་གཙོ་དོན་གཉེར་བའི་ཐོག་དྲག་གནོན་བྱེད་པའི་པར་ཞིག་འགྲེམས་སྤེལ་བྱས་འདུག

2008.07.25

༄༅༎རྒྱ་ནག་གཞུང་གི་དབང་བའི་གསར་ཤོག་པེ་ཅིང་གསར་འགྱུར་ཞེས་པ་དེའི་ནང་ འདས་པའི་ལོ་༣༠རིང་རྒྱ་ནག་གི་འགྱུར་བའི་སྐོར་གནས་ཚུལ་མཁོ་རུབ་བྱེད་མཁན་དཔར་པ་ ལིའུ་ཞང་ཁྲེང་ ལ་གནས་འདྲི་བྱས་པའི་གསར་འགྱུར་གྱི་དུམ་བུའི་ནང༌། ༡༩༨༩ལོར་རྒྱ་གཞུང་གིས་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་སློབ་ཕྲུག་དམངས་གཙོ་དོན་གཉེར་བའི་ཐོག་དྲག་གནོན་བྱེད་སྐབས་རྨས་སྐྱོན་ཕོག་པའི་མི་རྣམ་རྐང་འཁོར་ཐོག་ཁྱེར་བའི་པར་ཞིག་འགྲེམས་སྤེལ་བྱས་ཡོད་པ་དེ་ནི་། རྒྱ་ནག་གིས་དུས་རྟག་ཏུ་རྣོ་ངར་ཆེ་བའི་གནད་དོན་དེའི་རིགས་གསར་འགྱུར་བརྒྱུད་ལམ་ཁག་གིས་ཕྱིར་བསྒྲགས་བྱེད་མ་ཆོག་པའི་བཀའ་གཏོང་སྲོལ་ཡོད་པ་དེ་རྩིས་མེད་བཏང་བ་ཞིག་ཡིན་པ་རེད།

པར་དེའི་འོག་གི་འགྲེལ་བཤད་ལ་རྨས་མ་ཞེས་བཀོད་ཡོད་པ་དང༌། གུའུ་གལ་དྲ་རྒྱའི་ཐོག་པར་དེ་སྦྱར་ཡོད་པ་རེད།

དེ་སྔ་༡༩༨༩ལོའི་ཕྱི་ཟླ་༦པའི་ཚེས་༤ཉིན་ གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་སློབ་ཕྲུག་དམངས་གཙོ་དོན་གཉེར་བ་སྟོང་ཕྲག་མང་པོས་བདུན་ཕྲག་འགའ་ཤས་རིང་ངོ་རྒོལ་བྱས་པའི་མཐར་ རྒྱ་མིའི་དཔུང་དམག་གིས་མི་དམངས་བརྒྱ་ཕྲག་འགའ་ཤས་སྡེབ་བསད་བཏང་ཡོད་པ་རེད། དེའི་སྐབས་ཀྱི་མི་དམངས་སྡེབ་བསད་བཏང་བའི་གནས་ཚུལ་དེ་རྒྱ་ནག་ནས་སུས་ཀྱང་བཤད་ཆོག་གི་མེད་པ་དང༌། རྒྱལ་ཁབ་ཀྱི་དཔལ་འབྱོར་སྲུང་སྐྱོབ་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲ་བརྟན་ཡོང་ཐབས་སུ་ཆབ་སྲིད་དཀའ་རྙོག་ཐོག་གཞུང་འཛིན་མི་སྣ་ཚོས་དམ་བསྒྲགས་བྱེད་དགོས་ཀྱི་ཡོད་སྐོར་བརྗོད་པ་ནི་ རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་བྱུས་ཡིན་པ་རེད།

ཕེརན་སི་གསར་ལས་ཁང་གིས་ པེ་ཅིང་གསར་ཤོག་གི་འབྲེལ་ཡོད་ལས་བྱེད་པ་ཁག་ཅིག་ལ་འབྲེལ་བ་གནང་ཡོད་རུང༌། ཚང་མས་གོང་ཞུས་གསར་ཤོག་དེའི་ཐོག་ཐོན་པའི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སྐབས་ཀྱི་རྨས་མའི་པར་དེའི་སྐོར་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མི་འདུག པར་པ་ལིའུ་ཞང་ཁྲེང་ལ་གནས་འདྲི་བྱས་པའི་ནང་དོན་དང་ཁོང་གིས་རྒྱབ་པའི་པར་དེ་བཞིན་དེ་རིང་ པེ་ཅིང་གསར་ཤོག་གི་དྲ་རྒྱའི་ཐོག་བཀོད་མེད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎