ཡེ་ཤུའི་བླ་ཆེན་ནས་དྲ་རྒྱ་བེད་སྤྱོད་གཏོང་སྟངས་ཐོག་འབོད་སྐུལ།

ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲང་པ་ཚོར་འགན་ཡོད་པའི་ཐོག་ནས་གནས་འཕྲིན་དྲ་རྒྱ་བེད་སྤྱོད་གཏོང་དགོས་རྒྱུའི་འབོད་སྐུལ།

2011.01.24

༄༅༎དེ་རིང་ཡེ་ཤུའི་བླ་ཆེན་པོཔ་སྦེ་ནེ་ཌིཀ་༡༧པ་Pope Benedict XVIམཆོག་གིས་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲང་པ་ཚོར་འགན་ཡོད་པའི་ཐོག་ནས་གནས་འཕྲིན་དྲ་རྒྱ་བེད་སྤྱོད་གཏོང་དགོས་རྒྱུའི་འབོད་སྐུལ་གནང་བཞག།

འཛམ་གླིང་འབྲེལ་མཐུད་ཉི་མོ་ཐེངས་༤༥པ་སྲུངབརྩི་གནང་རྒྱུར་བླ་ཆེན་པོཔ་མཆོག་གིས་མང་ཚོགས་ལ་གསུང་འཕྲིན་ཞིག་གནང་ཡོད་པའི་ནང༌། སྤྱི་ཚོགས་ནང་གི་མི་རྒན་གཞོན་ཚང་མས་དངོས་སུ་ཕན་ཚུན་ཐུག་འཕྲད་བྱས་ནས་འབྲེལ་བ་བྱེད་ཡག་དེ་གལ་ཆེན་པོ་ཡིན་པ་དེ་ཚང་མས་དུས་རྟག་ཏུ་སེམས་ལ་དྲན་དགོས་རྒྱུ་དང། གནས་འཕྲིན་དྲ་ལམ་བརྒྱུད་འབྲེལ་བ་བྱེད་ཡག་དེ་དངོས་སུ་ངོ་ཐུག་བྱེད་ཡག་གི་ཚབ་བྱས་ན་འགྲིག་གི་མེད་པའི་སྐོར་བཀའ་གནང་འདུག།

གོང་ཞུས་འཛམ་གླིང་འབྲེལ་མཐུད་ཉི་མོ་དེ་བཞིན་རིང་མིན་ཕྱི་ཟླ་༦པའི་ཚེས་༥ཉིན་སྲུང་བརྩི་ཞུ་རྒྱུ་ཡིན་ནའང༌། བླ་ཆེན་པོཔ་མཆོག་གིས་ཉིན་དེའི་གསུང་འཕྲིན་དེ་རིང་སྩལ་གནང་ཡོད་པའི་ནང༌། དེང་སང་གི་དུས་སྐབས་འདིར་གནས་འཕྲིན་དྲ་རྒྱ་དེ་བཞིན་འགྲོ་བ་མིའི་འཚོ་བའི་ཆ་ཤས་མེད་དུ་མི་རུང་བ་ཞིག་ཆགས་ཡོད་ནའང༌། དྲ་རྒྱ་བེད་སྤྱོད་ཚུལ་བཞིན་གཏོང་དགོས་པའི་སྐོར་གསུངས་ཏེ། ལྷག་པར་དུ་གཞོན་སྐྱེས་ཚོས་འགན་ཡག་པོ་འཁྱེར་བའི་ཐོག་ནས་ཕན་ཚུན་གུས་བརྩི་དང་དྲང་བདེན་གྱི་སྒོ་ནས་དྲ་རྒྱའི་ཐོག་བསམ་ཚུལ་བརྗོད་རེས་དང་འབྲེལ་ལམ་ཚུལ་མཐུན་བྱེད་་དགོས་རྒྱུའི་སློབ་སྟོན་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎