ཡེ་ཤུ་བ་དམར་བསད་བཏང་བའི་དོན་རྐྱེན་ལ་སྐྱོན་བརྗོད།

ཨི་རག་དང་རྒྱ་གར་ནང་ཡེ་ཤུ་བ་དམར་བསད་བཏང་བའི་དོན་རྐྱེན་ཐད་ཡེ་ཤུའི་བླ་ཆེན་པོབ་ནས་ཞལ་ཤུགས་ཆེན་པོའི་ཐོག་ནས་སྐྱོན་བརྗོད་གནང་བ།

2008.10.27

༄༅༎ཨི་རག་དང་རྒྱ་གར་ནང་ཡེ་ཤུ་བ་དམར་བསད་བཏང་བ་སོགས་ཀྱི་དོན་རྐྱེན་ཐད་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་བླ་ཆེན་པོབ་སྦེ་ནེ་ཌིག་མཆོག་གིས་ཁ་ས་ཞལ་ཤུགས་ཆེན་པོའི་ཐོག་ནས་སྐྱོན་བརྗོད་གནང་བ་དང་སྦྲགས་རྒྱལ་ཁབ་དེ་གཉིས་གཙོ་བོར་གྱུར་པའི་ཨེ་ཤེ་ཡའི་གླིང་ཕྲན་ནང་གི་རྒྱལ་ཁབ་ཚོའི་ཆོས་ཕྱོགས་དང་ཆབ་སྲིད་ཀྱི་དབུ་ཁྲིད་རྣམ་པ་ཚོ་དང་འདུ་ཤེས་བཟང་པོ་ཅན་གྱི་སྐྱེ་བོ་ཕོ་མོ་ཚང་མས་སོ་སོའི་རྒྱལ་ཁབ་ནང་གི་ཡེ་ཤུའི་ཆོས་ལུགས་ཉམས་ལེན་བྱེད་མཁན་ཚོའི་ཚེ་སྲོག་ལ་སྲུང་སྐྱོབ་གནང་དགོས་ཀྱི་རེད་ཅེས་སྐུལ་འདེབས་ནན་པོ་ཞུས་ཡོད་པ་རེད། རྒྱ་གར་ནང་ལ་ཆ་བཞག་པ་ཡིན་ན་ད་ལོའི་ཕྱི་ཟླ་བརྒྱད་པ་ནས་བཟུང་གཙོ་བོ་རྒྱ་གར་ཤར་ཕྱོགས་མངའ་སྡེ་ཨོ་རི་སའི་ནང་ཡེ་ཤུ་བ་ཚོར་འཁོན་འཛིན་དང་སྡང་སེམས་བྱས་པ་དང་ཆོས་ལུགས་ཐད་མཐར་ལྷུངས་པའི་ལྟ་བ་འཛིན་མཁན་ཧིན་རྡུ་བ་ཚོས་ཡེ་ཤུའི་ཆོས་ལུགས་ཉམས་ལེན་པ་ཚོའི་ཁང་ཁྱིམ་གྲངས་ལས་འདས་པ་མེར་བསྲེགས་བཏང་སྟེ་ཡེ་ཤུ་བ་སམ་ཁྲི་བརྒལ་བ་ཁང་ཁྱིམ་མེད་པར་གྱུར་ཡོད་པ་དང་ཡེ་ཤུའི་ལྷ་ཁང་ཉི་ཤུ་བརྒལ་བ་མེར་བསྲེགས་བཏང་ཞིང་དེ་ཡིས་མ་ཚད་ཡེ་ཤུ་བ་སོགས་མི་གྲངས་སུམ་ཅུ་སོ་བརྒྱད་རྐྱེན་ལམ་དུ་བཏང་ཡོད་པ་རེད། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་སྙན་ཐོའི་ནང་ཨི་རག་གི་བྱང་ཕྱོགས་མོ་སུལ་ཟེར་བའི་ས་ཁུལ་དེ་ག་གཅིག་པུའི་ནང་སུན་ནི་ཞེས་པའི་ཁ་ཆེའི་ཆོས་ལུགས་ཉམས་ལེན་པ་ཚོས་འཇིགས་སྐུལ་གྱི་བྱ་སྤྱོད་བརྒྱུད་ས་ཁུལ་དེའི་ནང་གི་ཡེ་ཤུ་བ་ཆིག་ཁྲི་སུམ་སྟོང་བརྒལ་བ་རང་ཡུལ་གྱར་ཏེ་བྲོས་བྱོལ་དུ་མི་འགྲོ་ཐབས་མེད་བཟོས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎