པོ་ལེནྜའི་གྲོང་ཁྱེར་ཞིག་ནས་༸གོང་ས་མཆོག་ལ་ཆེ་བསྟོད་འབུལ་རྒྱུ།

པོ་ལེནྜའི་ལྷོ་ནུབ་ཁུལ་གྱི་ལྦོརོ་ཁོལོ་ཞེས་པའི་གྲོང་ཁྱེར་གྱི་སྤྱི་ཁྱབ་པས་༸གོང་ས་མཆོག་ལ་ཆེ་བསྟོད་ཚུལ་དུ་གྲོང་ཁྱེར་གྱི་མི་སེར་ཕྱག་འཁྱེར་འབུལ་རྒྱུ་རེ་འདུག

2008.06.26

༄༅༎བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་དེ་རིང་གནས་ཚུལ་སྤེལ་བར་ལྟར་ན། པོ་ལེན་དྲིའི་ལྷོ་ནུབ་ཁུལ་གྱི་ལྦོརོ་ཁོལོ་ཞེས་པའི་གྲོང་ཁྱེར་གྱི་སྤྱི་ཁྱབ་སྐུ་ཞབས་ རཱ་ཕེལ་དྲུ་ཀེ་ལྦིཛ་ མཆོག་ནས་འདི་ཚེས་༢༣ ཉིན་གསལ་བསྒྲགས་གནང་བའི་ནང་། ཏཱ་ལའི་བླ་མ་མཆོག་གིས་ལོ་ངོ་བཅུ་ཕྲག་ལྔ་ཙམ་རིང་གདུག་རྩུབ་ཅན་གྱི་སྲིད་གཞུང་འོག་གནས་པའི་ཁོང་གི་མི་མང་ཚོར་རང་དབང་ཐོབ་ཐབས་སུ་འཐབ་རྩོད་མུ་མཐུད་གནང་ཡོད་པའི་མཛད་རྗེས་ལ་ང་ཚོ་འགྲོ་བ་མིའི་ཐོབ་ཐང་དང༌། རང་དབང་ལ་དགའ་བས་མི་ཚང་མས་གུས་བཀུར་དང་ཆེ་བསྟོད་ཞུ་འོས་པ་ཞིག་རེད། དེ་འདྲ་ཡིན་དུས་ང་ཚོས་དགའ་སྤོབས་དང་ལྡན་པའི་ཐོག་ནས་༸གོང་ས་མཆོག་ལ་ཆེ་བསྟོད་ཚུལ་དུ་གྲོང་ཁྱེར་གྱི་མི་སེར་ཕྱག་འཁྱེར་འབུལ་གྱི་ཡིན་ཞེས་གསུངས་ཡོད་པ་རེད། གོང་ཞུས་ཆེ་བསྟོད་ཀྱི་ཕྱག་འཁྱེར་དེ་དག་ལོ་རྗེས་མ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་དེའི་ནང་ཆིབས་བསྒྱུར་གནང་བའི་སྐབས་འབུལ་རྒྱུའི་འཆར་གཞི་ཡོད་ལུགས་ཀྱང་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎