ཤིན་ཅང་དུ་སླར་ཡང་ངོ་རྒོལ་ལས་འགུལ་ལངས་བ།

རྒྱ་མིའི་ཉེན་རྟོག་པས་ཤིན་ཅང་དུ་ངོ་རྒོལ་ལས་འགུལ་ཁ་ཐོར་གཏོང་ཐབས་སུ་མིག་ཆུ་ཤོར་བའི་དུག་རྫས་གཏོར་ཡོད་པ་རེད།

2009.09.04

༄༅༎རེས་གཟའ་ཕུར་བུའི་ཉིན་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆི་ནང་དུ་མི་དམངས་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་ས་གནས་སུ་མི་དམངས་ཀྱི་བདེ་འཇགས་ཡག་པོ་མེད་པའི་ངོ་རྒོལ་ལས་འགུལ་སྤེལ་ཏེ་ས་གནས་དམར་ཤོག་ཚོགས་པའི་འགོ་ཁྲིད་ལྦང་ལེ་ཆོན་དགོངས་ཞུ་བྱེད་དགོས་པའི་དགོས་འདུན་བཏོན་པའི་གནས་ཚུལ་བྱུང་བའི་རྗེས་དེ་རིང་སླར་ཡང་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང་རྒྱ་མིའི་ཉེན་རྟོག་པས་ལས་འགུལ་ཁ་ཐོར་གཏོང་ཐབས་སུ་མིག་ཆུ་ཤོར་བའི་དུག་རྫས་གཏོར་ཡོད་པ་རེད།

དེ་རིང་རྒྱ་ནག་གཞུང་གི་ཤིང་ཧཱ་གསར་ཤོག་ཐོག་ལ་རེས་གཟའ་པ་སངས་ཉིན་ངོ་རྒོལ་བྱེད་མཁན་ཚོས་རྒྱལ་སའི་དབུས་ཀྱི་ནན་ཧུའུ་ཐང་ཆེན་ཐོག་ལས་འགུལ་སྤེལ་བ་དང་ཡིན་ནའང་ཉེན་རྟོག་པས་ངོ་རྒོལ་བྱེད་མཁན་མི་དམངས་ཆིག་སྟོང་ཙམ་ཞིག་ཐང་ཆེན་དེའི་ནང་འཛུལ་དུ་མ་བཅུག་པར་བཀག་འགོག་བྱས་ཡོད་པའི་གནས་ཚུལ་དང་ཡུ་གུར་ཁ་ཆེའི་སྡོད་གནས་ཀྱི་ཉེ་འཁྲིས་ཀྱི་རྒྱ་ལམ་ཐོག་ངོ་རྒོལ་བྱེད་མཁན་གཞོན་སྐྱེས་ཆིག་སྟོང་ཙམ་ཞིག་འདུ་འཛོམས་བྱས་པའི་གནས་ཚུལ་ཐུང་ངུ་ཞིག་ལས་ཞིབ་ཕྲ་སྤེལ་མེད་ཅིང་ཡིན་ནའང་ཕེ་རན་སིའི་གསར་འགོད་པས་གནས་ཚུལ་དངོས་སུ་མཐོང་བའི་ནང་དེ་རིང་ས་གནས་ཁག་ཁག་ཏུ་ངོ་རྒོལ་བྱེད་མཁན་ཡོད་པའི་ནང་ནས་མི་མང་ཆིག་སྟོང་ཙམ་མཐོང་བའི་ནང་ནས་མང་ཆེ་བ་རྒྱ་ཧན་མི་རིགས་ཡིན་པ་དང་ཁོང་ཚོས་མི་དམངས་ཀྱི་ཐང་ཆེན་ཟེར་བའི་ནང་དུ་ཡོད་པའི་ཤིན་ཅང་གི་ས་གནས་གཞུང་གི་ལས་ཁུངས་ཀྱི་ཉེ་འཁྲིས་ཙམ་དུ་ངོ་རྒོལ་ལས་འགུལ་སྤེལ་བ་དང་ཁོང་ཚོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་སྐད་འབོད་བྱས་པ་དང་མ་ཟད་ཉེན་རྟོག་པའི་ཐོག་ལ་ཤེལ་དམ་གཡུགས་ཏེ་དྲག་ཆས་ཉེན་རྟོག་དམག་མི་དང་གདོང་ཐུག་བྱུང་བའི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད། ད་དུང་དྲག་ཆས་ཉེན་རྟོག་པས་ངོ་རྒོལ་བྱེད་ཡུལ་དུ་བསྐྱོད་དེ་ངོ་རྒོལ་ལས་འགུལ་ཁ་ཐོར་བཏང་ཡང་ཚོུད་གཅིག་གི་རྗེས་སུ་སླར་ཡང་འདུ་འཛོམས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བར་བརྟེན་དོན་རྐྱེན་བྱུང་ཡུལ་གྱི་ཉེ་འཁྲིས་དེར་རྒྱུན་ལྡན་གྱི་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་བརྒྱ་ཕྲག་འགའ་ཤས་ཤིག་འགྲེམས་འཇོག་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎