རྒྱ་ནག་ཧུའུ་ནན་ཤང་ཤིའི་ས་གནས་སུ་མི་མང་གི་ངོ་རྒོལ་ལངས་བ།

རྒྱ་ནག་གི་ཧུའུ་ནན་ཞིང་ཆེན་ཁོངས་ཀྱི་ཤང་ཤིའི་ས་གནས་ནང་མི་མང་ཁྲི་གཅིག་ལྷག་ཙམ་སྲིད་གཞུང་གི་སྒོ་འགྲམ་དུ་ངོ་རྒོལ་བྱས་ཡོད་འདུག

2008.09.05

༄༅༎རྒྱ་ནག་གི་ཧུའུ་ནན་ཞིང་ཆེན་ཁོངས་ཀྱི་ཤང་ཤིའི་ས་གནས་ནང་ཁེ་ལས་ཚོང་པ་དང་གཞུང་གི་འབྲེལ་ཡོད་ཚོང་དོན་ཁང་གིས་གང་བྱུང་གིས་མང་ཚོགས་ས་ནས་མ་རྩ་བསྡུས་སྟེ་དུས་ཐོག་མ་དངུལ་སྤྲད་མི་ཐུབ་པའི་རྐྱེན་གྱིས་རྩོག་རྙོག་བྱུང་ནས་ས་གནས་མི་མང་ཁྲི་གཅིག་ལྷག་ཙམ་སྲིད་གཞུང་གི་སྒོ་འགྲམ་དུ་ངོ་རྒོལ་བསྡུ་འཛོམས་བྱས་ནས་རི་ལིའི་ལམ་ཁ་སོགས་བཀག་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་དམག་མི་འཕོན་ཆེ་བཏང་ནས་ངོ་རྒོལ་ལས་འགུལ་བཀག་སྡོམ་བྱས་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་བརྒྱུད་ལམ་གྱི་དབྱིན་ཡིག་དྲ་རྒྱའི་ཐོག་དེའི་སྐོར་གནས་ཚུལ་སྤེལ་བའི་ནང་འཁོད་པར་གཞིགས་ན། རྒྱ་ནག་གི་ཧུའུ་ནན་ཞིང་ཆེན་ཁོངས་གཏོགས་ཀྱི་ཤང་ཤརིའི་ས་གནས་ནས་ཁྲིམས་ལུགས་དང་མི་མཐུན་པའི་མ་རྩ་བསྡུ་རུབ་བྱས་ནས་མ་དངུལ་དུས་ཐོག་ཏུ་མ་རྩ་འདུ་མཁན་ཚོར་སྤྲོད་མ་ཐུབ་པའི་རྩོད་རྙོག་གིས་གཟའ་ལྷག་པའི་དང་ཕུར་བུ་ཉིན་གཉིས་རིང་ས་གནས་མང་ཚོགས་ཀྱིས་སྲིད་གཞུང་གི་སྒོ་འགྲམ་དུ་ངོ་རྒོལ་འདུ་འཛོམས་བྱས་ཡོད་པ་དང༌། ངོ་རྒོལ་བ་ཚོས་རི་ལིའི་བབས་ཚུགས་བཀག་ནས་རི་ལི་དུས་ཐོག་ཏུ་འགྲོ་རྒྱུར་འགོག་རྐྱེན་བཟོས་ཡོད་ཅིང༌། ཤང་ཤིའི་ས་གནས་དཔོན་རིགས་ཀྱིས་མང་ཚོགས་ངོ་རྒོལ་བྱེད་མཁན་ཚོར་སློབ་གསོ་རྒྱབ་པའི་རྗེས་ཁོང་ཚོ་རང་འགུལ་གྱིས་ཕྱིར་ལོག་བྱས་ཡོད་ལུགས་འཁོད་ཡོད་པ་རེད། ཡིན་ནའང་ཕྱི་རྒྱལ་གྱི་རྒྱ་ཡིག་དྲ་རྒྱ་ཁག་གི་ཐོག་ངོ་རྒོལ་བྱེད་མཁན་དང་ ཉེན་རྟོག་པའི་དབར་འཁྲུག་ཟིང་བྱུང་བཞིན་པའི་དཔར་བཏོན་ཡོད་པའི་ཁར། དྲ་རྒྱ་ཁག་གི་ཐོག་འཁོད་པའི་ནང་ རྒྱ་ནག་གཞུང་གིས་ཉུང་མཐར་རྒྱ་ནག་ཉེན་རྟོག་པ་བརྒྱ་ཕྲག་ཁ་ཤས་བཏང་ནས་ཞི་བའི་ངོ་རྒོལ་འདུ་འཛོམས་དེ་བཞིན་དྲག་ཟིང་དུ་གྱུར་ཡོད་པའི་སྐོར་འཁོད་འདུག་ལ་། ཧོང་ཀོང་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ལས་ཁང་གིས་བརྗོད་པར། ངོ་རྒོལ་གྱི་འདུ་འཛོམས་དེའི་ནང་ཉུང་མཐར་མང་ཚོགས་ཉི་ཤུ་ཙམ་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་དང༌། མི་གྲངས་ལྔ་ཅུ་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་འཁོད་ཡོད་པ་རེད། ཡིན་ནའང་ཕེ་རན་སི་གསར་འགྱུར་བརྒྱུད་ལམ་གྱིས་གནད་དོན་དེའི་སྐོར་ས་གནས་གཞུང་གི་ལས་ཁུངས་ཁག་ལ་ཁ་པར་བརྒྱུད་ནས་གནས་ཚུལ་འདྲི་དུས་ས་གནས་དཔོན་རིགས་ཚོས་གནད་དོན་དེའི་ཐོག་ལན་འདེབས་བྱ་རྒྱུ་ཁས་ལེན་བྱས་མེད་པ་གནས་ཚུལ་ནང་འཁོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎