བལ་ཡུལ་སྲིད་བློན་གསར་པས་ཉེན་བརྡ་དང་འབོད་སྐུལ།

བལ་ཡུལ་དེ་བཞིན་ཞི་བདེ་མཉམ་གནས་བྱེད་དང༌ཡང་ན་སྔར་གྱི་དམག་འཁྲུག་བསྐྱར་དུ་འགོ་འཛུགས་མིན་གྱི་ཆེས་མཐའ་མའི་གནས་སྐབས།

2011.09.16

༄༅༎བལ་ཡུལ་གྱི་སྲིད་བློན་གསར་པ་མཆོག་གིས་དེ་རིང་རེས་གཟའ་པ་སངས་ཉིན་ཐོག་མའི་གསུང་བཤད་གནང་བའི་སྐབས། བལ་ཡུལ་དེ་བཞིན་ཞི་བདེ་མཉམ་གནས་བྱེད་དང༌། ཡང་ན་སྔར་གྱི་དམག་འཁྲུག་བསྐྱར་དུ་འགོ་འཛུགས་མིན་གྱི་ཆེས་མཐའ་མའི་གནས་སྐབས་ཤིག་རེད་ཅེས་མི་དམངས་ཚོར་ཉེན་བརྡ་བཏང་ཡོད་པ་རེད།
སྲིད་བློན་གསར་པ་སྐུ་ཞབས་སྦ་སྦུ་རམ་བ་ཏ་རའེ་ཡིས་བལ་ཡུལ་གྱི་བརྙན་འཕྲིན་ཐོག་གསུང་བཤད་གནང་སྟེ། བལ་ཡུལ་རྒྱལ་ཁབ་དེ་བཞིན་ལོ་རྒྱུས་ཀྱི་གཉན་འཕྲང་ཅན་གྱི་དུས་སྐབས་ཡིན་པ་དང༌། དེར་བརྟེན་ཕྱོགས་འགལ་ཆབ་སྲིད་ཚོགས་པ་ཚོས་རྒྱལ་ཁབ་ཀྱི་ཞི་བའི་ལས་དོན་ཆ་ཚང་བ་ལེགས་གྲུབ་ཡོང་རྒྱུ་དང༌། རྩ་ཁྲིམས་གསར་པ་བཟོ་རྒྱུའི་ལས་དོན་ལམ་ལྷོང་ཡོང་རྒྱུར་ཕྱ་གྲུ་མཉམ་འདེགས་གནང་དགོས་པའི་འབོད་སྐུལ་གནང་ཡོད་ཅིང༌། ད་དུང་ཁོང་གིས། དེ་སྔའི་གཞུང་གིས་བཞག་པའི་ལས་དོན་མཐའ་དག་ཆ་ཚང་བ་ལེགས་གྲུབ་ཡོང་མི་སྲིད་པ་ཞིག་ཡིན་ནའང། གལ་ཏེ་ཆབ་སྲིད་ཚོགས་པ་ཁག་ནང་ཁུལ་དུ་ཡིད་ཆེས་དང༌། མཉམ་ལས། བསམ་འཆར་རྩེ་མཐུན་ཡོད་ན། ལས་དོན་ལྷག་འཕྲོས་རྣམས་ཆ་ཚང་བ་ལེགས་གྲུབ་ཡོང་བ་བྱ་དགོས་ཀྱི་རེད། ངའི་ངོས་ནས་ཆབ་སྲིད་ཚོགས་པ་ཁག་ཚོས་ད་ལྟ་གཞུང་གི་དཀའ་ཚེགས་ཆེ་བའི་ལས་དོན་ལེགས་གྲུབ་ཡོང་བར་རོགས་རམ་བྱ་རྒྱུའི་ཐུགས་རེ་གནང་གི་ཡོད་ཅེས་གསུང་སྟེ། ཁོང་གིས། ད་ཆ་བལ་ཡུལ་རྒྱལ་ཁབ་དེའི་ནང་ཆབ་སྲིད་ཚོགས་པ་ཁག་དབར་འཆམ་མཐུན་མེད་པར་རྒྱལ་ཁབ་ཆིག་སྒྲིལ་ལ་འགོག་རྐྱེན་འཕྲད་བཞིན་པ་དེར་རེ་བའི་ཁ་ཕྱོགས་གསར་པ་ཞིག་ལམ་སྟོན་གནང་ཡོད་པ་རེད། དགུང་གྲངས་༥༧ ལ་ཕེབས་པའི་སྐུ་ཞབས་སྦ་སྦུ་རམ་བ་ཏ་རའེ་ནི། སྲིད་བློན་ཟུར་པ་ཇའ་ལ་ནའཐ་ཀ་ནལ་ཡིས་དགོངས་པ་ཞུས་པའི་ཚབ་ཏུ་མའོ་གྱེན་ཤོག་ཁའི་ཆབ་སྲིད་ཚོགས་པ་ནས་སྲིད་བློན་གསར་པ་འོས་འདེམས་བྱུང་སྟེ། གཟའ་འཁོར་གསུམ་ལས་འགྲོ་གི་མེད་པ་དང༌། སྲིད་བློན་ཟུར་པ་ཁ་ནལ་མཆོག་གིས་ཟླ་བ་དྲུག་རིང་ཆབ་སྲིད་ཀྱི་དབུ་ཁྲིད་ཀྱི་འགན་འཁུར་བཞེས་པའི་རྗེས། བལ་ཡུལ་རྒྱལ་ཁབ་དེ་བཞིན་ཞི་བའི་ལས་དོན་ཐོག་བསྐྱོད་ཐུབ་མེད་པར་གསུང་སྟེ། སྲིད་བློན་ནས་དགོངས་ཞུ་གནང་རྒྱུའི་ཐག་གཅོད་གནང་བ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎